སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གནམ་གཤིས་འགྱུར་ལྡོག་གིས་འཐུང་ཆུ་མཁོ་འདོན་ལ་གནོད་པ་ཚབས་ཆེན་ཐེབས་སྲིད།
སྤེལ་དུས། 2015-08-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།

  

  ཧྥ་རན་སིའི་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་ཟླ ཚེས ༡༨ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབང་གྲགས་ཚན་རིག་དུས་དེབརང་བྱུང་། སའི་གོ་ལའི་ཚན་རིགགིས་བསྒྲགས་པའི་ཞིབ་འཇུག་རྣམ་གྲངས་ཤིག་ལས་མངོན་པ་ལྟར་ན། དུས་རབས ༢༠ པའི་ལོ་རབས ༦༠ ནས་བཟུང་།  ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་རི་རྒྱུད་འཁྱགས་རོམ་ཞུ་ཚད་མྱུར་ལ། དེའི་མྱུར་ཚད་ནི་འཛམ་གླིང་གི་རི་བོའི་འཁྱགས་རོམ་ཞུ་ཚད་ལས་ཆ་སྙོམས་ལྡབ ༤ ཡིས་མཐོ་རུ་ཆགས་ཡོད་ཅིང་། གནམ་གཤིས་འགྱུར་ལྡོག་དང་དྲོད་ཚད་འཕར་བ་དེས་ཐེན་ཧྲན་འཁྱགས་རོམ་གྱི་རྒྱ་ཁྱོན ༢༠༥༠ ལོར་ཕྱེད་ཙམ་གྱིས་ཇེ་ཉུང་དུ་ཆགས་རྒྱུ་རེད་འདུག

  རང་བྱུང་། སའི་གོ་ལའི་ཚན་རིགདུས་དེབ་ཀྱི་ཞིབ་འཇུག་ཏུ།  དུས་རབས ༢༠ པའི་ལོ་རབས ༦༠ པ་ནས་བཟུང་ཐེན་ཧྲན་རི་བོར་ལོ་རེར་ཆ་སྙོམས་འཁྱགས་རོམ་ཏུན ༥༤ ཇེ་ཉུང་དུ་ཕྱིན་ཡོད་ཅིང་། དེའི་རིང་འཁྱགས་རོམ་ཇེ་ཉུང་དུ་ཕྱིན་པ་དེ་ཧ་ལམ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༣ ལ་ཁྱབ་ཡོད་འདུག

  ཐེན་ཧྲན་འཁྱགས་རོམ་ནི་ཧ་སག་སི་ཐན་དང་། ཀེར་སི་སི་ཐན། ཝུའུ་ཙི་པིའེ་ཁེ་སི་ཐན། ཀྲུང་གོ་ནུབ་བྱང་ཕྱོགས་བཅས་འདུས་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མང་པོའི་ས་ཁུལ་གྱི་ཆུའི་ཐོན་ཁུངས་གཙོ་བོ་རེད། ཞིབ་འཇུག་དེར་ཞུགས་མཁན་འཇར་མན་གྱི་སའི་གོ་ལའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཏུ་རྡི་མན་གྱིས་ཧྥ་རན་སིའི་གསར་འགྱུར་ཁང་ལ། རི་མཐོའི་འཁྱགས་རོམ་ནི་མིའི་རིགས་ཀྱི་གསོག་ཆུའི་མཛོད་ཆེན་པོ་ཡིན་ལ། དེར་ཐན་ཞོད་མི་འདྲ་བའི་ལོར་འདོན་ཆུ་སྙོམས་སྒྲིག་གི་ནུས་པ་གལ་ཆེན་ལྡན། དགུན་དུས་བསྟུད་མར་བསགས་པའི་རི་མཐོའི་འཁྱགས་རོམ་དེ་དབྱར་དུས་བཞུ་ནས་ཆུའི་ཐོན་ཁུངས་མཁོ་འདོན་བྱེད་ཀྱི་ཡོད་ཟེར།

  ཞིབ་འཇུག་ལྟར་ན། ༡༩༧༠ ལོ་ནས ༡༩༨༠ ལོའི་བར།  ཐེན་ཧྲན་འཁྱགས་རོམ་བཞུ་ཚད་ཇེ་མགྱོགས་སུ་སོང་ཡོད་ཅིང་། དེ་ཡང་གནམ་གཤིས་གནས་ཚུལ་སྔོན་དཔག་བྱས་ཚེ་མ་འོངས་ལོ་ངོ ༡༠ ཡི་རིང་། སྤྱི་ལེ ༡༥༠༠ ཡིས་ཆོད་པའི་ཐེན་ཧྲན་རི་རྒྱུད་ཀྱི་གནམ་གཤིས་དྲོད་འགྱུར་ཇེ་མྱུར་དུ་འགྲོ་སྲིད། དེ་ལྟར་སྔོན་དཔག་བྱས་ཚེ་ཐེན་ཧྲན་འཁྱགས་རོམ་ཞུ་ཚད་ཇེ་མགྱོགས་སུ་འགྲོ་ངེས་ཤིང་། གལ་ཏེ ༢༠༢༡ ལོ་ནས ༢༠༥༠ ལོའི་བར་གནམ་གཤིས་ཀྱི་དྲོད་ཚད་ཏུའུ ༢ འཕར་བ་ཡིན་ཚེ། དུས་རབས་འདིའི་དུས་དཀྱིལ་དུ་ཐེན་ཧྲན་འཁྱགས་རོམ་གཞི་ཁྱོན་ཕྱེད་ཙམ་གྱིས་ཇེ་ཉུང་དུ་འགྲོ་སྲིད་དོ། །

དྲོད་ཚད་ཇེ་མཐོར་འགྲོ་ནུས་དེས་འཁྱགས་རོམ་བཞུ་ཚད་ཇེ་མགྱོགས་སུ་འགྲོ་བ་ཙམ་མིན་པར། འཇར་མན་གྱི་སའི་གོ་ལའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྥེ་རེ་ནོ་ཐེ་ཡིས།   ཐེན་ཧྲན་གྱི་ས་བབ་མཐོ་ལ་གནས་ཁུལ་དེར་དགུན་དུས་ཧ་ཅང་ཐན་པ་ཆེ་བའི་རྐྱེན་གྱིས་འཁྱགས་རོམ་དུ་དབྱར་གཞུང་ལའང་ཁ་བ་འབབ་ཀྱི་ཡོད། དེ་བས་དྲོད་ཚད་ཇེ་མཐོར་སོང་བ་དེས་འཁྱགས་རོམ་ཞུ་ཚད་ཇེ་མྱུར་དུ་གཏོང་བ་མ་ཟད། འཁྱགས་རོམ་གྱི་གསོག་ཚད་ཀྱང་ཇེ་ཉུང་དུ་འགྲོ་ཡི་ཡོད།

  དེ་སྔོན་གྱི་ཞིབ་འཇུག་ལ་གཞིགས་ན། འཛམ་གླིང་ཡོངས་སུ་མི་འབོར་དུང་ཕྱུར ༡༠ ལས་བརྒལ་བའི་བཏུང་ཆུའི་ཕྱེད་ཀ་ནི་གངས་དང་འཁྱགས་རོམ་དུས་ཚིགས་རང་བཞིན་གྱིས་བཞུ་བ་ལས་ཐོན་པ་ཡིན་ལ། མི་འབོར་འདི་དག་ནི་ཨེ་ཤེ་ཡ་དང་མེ་གླིང་ལྷོ་མའི་ས་ཁུལ་དུ་ཁྱབ་ཡོད་དེ། དེ་མིན་ཨེ་ཤེ་ཡ་དབུས་མ་སོགས་ནི་གངས་ཆུར་བརྟེན་པའི་ཐན་པའི་ས་ཁུལ་དུ་འཁྱགས་རོམ་གྱི་ནུས་པ་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད་རེད།

  རང་བྱུང་། སའི་གོ་ལའི་ཚན་རིགགི་ཞིབ་འཇུག་རྣམ་གྲངས་འདི་ལས། མི་གྲངས་རྒྱུན་ཆད་མེད་པར་འཕར་སྣོན་དང་གནམ་གཤིས་ཀྱི་འགྱུར་ལྡོག་བཅས་རྐྱེན་གཉིས་ཀྱིས་འཁྱགས་རོམ་གྱི་རྒྱ་ཁྱོན་ཉུང་དུ་ཕྱིན་པ་དེ་སྔར་བས་ཀྱང་སེམས་ཁྲེལ་བྱེད་དགོས་པ་ཞིག་ཏུ་གྱུར་འདུག

  

  ཁ་བྱང་ཕྱི་མོ། གནམ་གཤིས་འགྱུར་ལྡོག་གིས་འཐུང་ཆུ་མཁོ་འདོན་ལ་གནོད་པ་ཚབས་ཆེན་ཐེབས་སྲིད།

 

(རྩོམ་འགན་པ།དབང་འདུས།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070