སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གད་སྙིགས་ཀྱིས་ཁེངས་པའི་མཚོ་སྔོན་པོ།
སྤེལ་དུས། 2015-10-09   ཡོང་ཁུངས། ངེད་དྲ་བ།   རྩོམ་པ་པོ།  འབྲུག་འབུམ།

   མཚོ་སྔོན་པོའི་མཐའ་འཁོར་གྱི་སྤྱི་ལེའི་༣༦༠ལྷག་གི་ན་འདམ་དང་བརླན་སར་འགྱིག་རྫས་ཀྱི་གད་སྙིཊ་ལ་སོཊ་པས་བཙོག་བསྒྱུར་བྱེད་ཉེན་ཆེ་འདུག་ལ།  སྙིཊ་དོང་དང་དེ་གའི་མི་དམངས་ཀྱི་སྡོད་ཁུལ་བར་དུ་སྤྱི་ལེ་༢༠༠མ་གཏོཊ་མེད་འདུག 
   རྒྱལ་སྟོན་དུས་ཆེན་གྱི་རྗེས་སུ།  ཡུལ་སྐོར་བ་མང་པོ་ཞིག་ཕྱིར་ལོག་ཚར་ནའང་མཚོ་སྔོན་པོའི་ལྗོངས་རྒྱུའི་ས་ཁུལ་དག་ཏུ་གད་སྙིཊ་ཀྱིས་ཁེངས་འདུག་པ་དང་དེ་གའི་མི་དམངས་ཀྱི་སྡོད་ཁང་དང་ལྗོངས་ཁུལ་གྱི་ནམ་མཁར་གད་སྙིགས་དང་འགྱིག་ཤོག་གིས་ཁེབས་འདུག 
   དུས་བཞིའི་དབྱར་སྟོན་ཤིན་དུ་གསལ་ཤིང་མཛེས་ཤིང་སྡུག་པའི་མཚོ་སྔོན་པོའི་ས་ཆར་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཡུལ་སྐོར་ལྗོངས་རྒྱུ་པ་མང་དག་ཅིག་བསླེབས་པ་དང་།  གཞུང་ཕྱོཊ་ཀྱི་སྡོམ་རྩིས་ལྟར་ན།  ཟླ་༡༠པའི་ཚེས་༡༠ནས་ཚེས་༡༨བར་དུ།  མཚོ་སྔོན་པོའི་ལྗོངས་ཁུལ་ལ་འབྱོར་བའི་ཡུལ་སྐོར་བའི་ཕྱོཊ་འགྲུལ་གྱི་ཚད་༥༣༤༣ལྷག་ཡིན་པ་དང་།  ལོ་སྔོན་མ་དང་བསྡུར་ན་༢༠%ལྷག་གིས་འཕར་འདུག

   ལོ་ན་༥༠ལྷག་ལ་སོན་པའི་འབྲོག་པ་ཞིག་གིས་བཤད་རྒྱུར།  ཁོ་བོ་ལོ་ན་གཞོན་དུས་སུ།  མཚོ་སྔོན་པོའི་མཐའ་འཁོར་ཐམས་ཅད་བརླན་ས་ཡིན་པ་དང་།  མཚོ་མཐར་རྩྭ་རྩི་ཤིང་གིས་ཁེངས་ཡོད་ལ་ལྷག་པར་དུ་དབྱར་དུས་སུ་སླེབས་དུས་མཚོ་མཐའ་ཐམས་ཅད་དུ་མེ་ཏོག་སྣ་ཚོཊ་ཁྲ་ཆིལ་ལེར་བཞད་ནས་འཇའ་ཚོན་ས་ལ་ཁེབས་པ་དང་ཡོངས་སུ་མཚུངས།  ཡིན་ནའང་ད་ལྟ་དེ་འདྲ་ཞིག་ཤིན་ཏུ་རྙེད་དཀའ་ཚོད་འདུག་ཅེས་བཤད་བྱུང་། 
   མཚོ་སྔོན་པོའི་མཐའ་འཁོར་གྱི་སྤྱི་ལེ༣༦༠ལྷག་གི་ས་ཆར།  སྡེ་བ་སོ་སོ་དང་གྲོང་བརྡལ།  རྫོང་རིམ་པའི་གད་སྙིཊ་ཐག་གཅོད་ཀྱི་ས་ཚིཊ་མང་པོ་ཞིག་ཡོད་པ་དང་།  དེ་དག་ལས་མཚོ་མཐའ་ན་ཡོད་པའི་ལྗོངས་ཁུལ་དང་གཞུང་ལམ་ལ་ཐག་ཉེ་བའི་གད་སྙིཊ་ཐག་གཅོད་བྱེད་ས་དག་གི་ལས་ཕྱོད་ཆུང་དུ་འདུག་པའམ་རྫོང་རིམ་པའི་གད་སྙིཊ་ཐག་གཅོད་ཀྱི་ས་ཚིཊ་འགའ་ཤས་ལ་བདེ་འཇཊ་ཀྱི་ཡང་གནད་དོན་ཡང་འདུག
   རྒྱུས་ལོན་བྱུང་བ་ལྟར་ན།  གསེར་ཆེན་རྫོང་ཅང་ཤེས་ཁུག་གྲོང་བརྡལ་གྱི་གད་སྙིཊ་ཐག་གཅོད་བྱེད་སའི་ས་ཚིཊ་དེ་གའི་མི་དམངས་ཀྱི་སྡོད་ཁུལ་བར་སྤྱི་ལེ ༢༠༠ ཙམ་མ་གཏོཊ་མེད་པ་དང་།  དེ་གའི་སྡེ་མི་ཨ་ཁུ་བཀྲ་ཤིས་ལཊ་ཀྱིས་བཤད་རྒྱུར།  སྙིཊ་དོང་འདི་ནི་ལོ་བཞིའི་ཡར་སྔོན་ལ་ས་འདི་གར་འཛུཊ་བསྐྲུན་བྱེད་དུས་སུ་བརྐོས་པ་ཡིན་ལ།  ཕྱིས་སུ་སྡེ་མི་རྣམས་ཀྱིས་མཁོ་མེད་ཀྱི་གད་སྙིཊ་དོང་འདིའི་ནང་དུ་བླུཊ་པ་དང་།  དེང་སྐབས་ཡུལ་སྐོར་ལྗོངས་རྒྱུ་བ་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་བ་དང་བསྟུན་ཟ་ཁང་དང་མགྲོན་ཁང་སོཊ་ཀྱི་གད་སྙིཊ་ཇེ་མང་དུ་གྱུར་སྟབས།  ཐམས་ཅད་ཀྱིས་གད་སྙིཊ་དོང་འདིའི་ནང་དུ་སྤུངས་འདུག རླུང་གཡུག་པའི་ཚེ་ན་འགྱིག་ཤོག་གིས་ནམ་མཁར་ཁེབས་འགྲོ་ལ།  མི་དམངས་ཀྱི་སྡོད་ཁུལ་དང་ས་ཞིང་།  རྩྭ་ར་སོཊ་སུའང་འགྱིག་ཤོག་གིས་ཁེབས་ནས་ནོར་ལུག་ལ་འཆི་གོད་རྒྱུན་ཏུ་འབྱུང་ལ།  རྗེས་ནས་བལྟས་ཚེ་ནོར་ལུག་གི་ལྟོ་བའི་ནང་དུའང་འགྱིག་ཤོག་འབའ་ཞིག་གིས་ཁེངས་འདུག

   གསེར་ཆེན་རྫོང་གི་རྟ་ནག་མའི་གད་སྙིཊ་ཐག་གཅོད་ས་ཚིཊ་སུ་འགྱིག་ཤོག་དང་སྙིཊ་ཆུའི་བཙོག་བསྒྱུར་གྱི་ཚད་ཤིན་ཏུ་མཐོ་བ་དང་།  གད་སྙིཊ་ཐག་གཅོད་ས་ཚིཊ་ཀྱི་ནང་དུ་མུའུ ༡༠ ལྷག་གི་གད་སྙིགས་སྤུངས་གསོག་བྱས་འདུག་ལ།  རླུང་ཅུང་ཙམ་གཡུཊ་ན་འགྱིག་ཤོག་སོཊ་ཀྱི་གད་སྙིཊ་ཕྱོཊ་བཞི་མཚམས་བརྒྱད་དུ་ཁེབས་འགྲོ་སྲིད་ལ།  གད་སྙིཊ་ཐག་གཅོད་ས་ཚིཊ་ཀྱི་ནང་གི་སྙིཊ་ཆུ་ཕྱིར་ལུད་ནས་རྟ་ནག་མ་གཙང་པོའི་ནང་དུ་བཞུར་བཞིན་པ་དང་།  རྟ་ནག་མ་ཆུ་བོ་ནི་མཚོ་སྔོན་པོའི་ནང་དུ་འབབ་ཀྱིན་ཡོད།
   ༢༠༠༨ལོར་བསྒྲགས་པའི《ས་འོག་ལ་སྦ་བྱའི་གད་སྙིཊ་ཀྱི་བཙོག་བསྒྱུར་ཚད་གཞི》ལྟར་ན། གད་སྙིཊ་ས་ཚིཊ་ཀྱི་སྙིཊ་ཆུ་ནི་བཅོས་བསྒྱུར་བྱས་ནས་གཙང་བསྒྱུར་གྱི་ཚད་ཐིག་ལ་ལོན་རྗེས་ད་གཟོད་ཕྱིར་བཏང་ཆོག་པ་དང་། གལ་སྲིད་དེ་ལྟར་མ་བྱས་ན་ནི་ས་འོག་གི་ཆུ་དང་ས་སྟེང་གི་ཆུར་བཙོག་བསྒྱུར་ཐེབས་སྲིད་པར་མ་ཚད། ཁོར་ཡུག་དང་མཁའ་དབུཊ་ལའང་ཉེན་ཁ་བཟོ་སྲིད་དོ། །
   མཚོ་སྔོན་གྱི་ཁོར་སྲུང་པ་གྲཊ་ཅན་རྣམ་རྒྱལ་ལཊ་ཀྱིས་དམངས་ཁྲོད་ཀྱི་དང་བླངས་ཚོཊ་པ་ཞིག་རྩ་འཛུགས་བྱས་ཏེ་ལོ་ངོ་བཅུ་ཕྲག་འགའི་རིང་ལ་མཚོ་རྣ་ལུང་སོཊ་སུ་གད་སྙིཊ་གཙང་སེལ་གྱི་ཕྱག་ལས་གནང་ཡོད་ལ།  བརླན་ས་འདི་ནི་ཕལ་ཆེར་མཚོ་སྔོན་པོ་དང་མི་རེིང་བའི་རྨིད་༥༠༠མཚམས་སུ་ཡོད་ཅིང་།  གད་སྙིཊ་འབོར་ཆེན་གྱིས་རྩྭ་ཐང་དང་བྱེ་ཐང་གང་སར་ཁྱབ་ཡོད་པར་མ་ཟད་ད་དུང་ན་ཁུག་དང་འདམ་རྫབ་སོགས་སུའང་གད་སྙིཊ་ཀྱིས་ཁེངས་ཡོད།  གལ་ཏེ་འབོར་ཚད་ངེས་ཅན་ཞིག་ཏུ་སླེབས་ཚེ།  གད་སྙིཊ་ཀྱིས་ཆུ་མགོ་བཅད་ནས་ས་དེ་གའི་བརླན་སའི་ཆུ་རྒྱུན་དག་ཇེ་ཉུང་དུ་འགྲོ་སྲིད་པས་ཆུ་ནང་གི་གད་སྙིཊ་གཙང་སེལ་བྱེད་པ་ནི་ཅི་བས་ཀྱང་གལ་འགངས་ཆེའོ། །

   ཟླ་བཅུ་བའི་ཚེས་༥ཉིན།  ཁོར་སྲུང་པ་རྣམ་རྒྱལ་གྱིས་དྭངས་བླངས་པ་དྲུག་དང་ལོ་བཅུ་དྲུག་ཅན་གྱི་རང་གི་བུ་སངས་རྒྱས་བཅས་ཁྲིད་ནས་ཆུ་ཚོད་གཅིག་དང་ཕྱེད་ལྷག་གི་རིང་ལ་མཚོ་མཐའ་ནས་ཤེལ་དམ་དང་འགྱིག་ཤོག་བཅས་ཀྱིས་མཚོན་པའི་གད་སྙིཊ་སྤྱི་རྒྱ་༡༥༠ལྷག་བཏུས།  ཁོར་སྲུང་པ་རྣམ་རྒྱལ་ལཊ་ཀྱིས་བཤད་རྒྱུར།  གད་སྙིཊ་ཀྱི་ཉེན་ཚབས་འདི་སེལ་དགོས་ན་སྲིད་གཞུང་གིས་ཚད་ལྡན་གྱི་ལྡན་གྱི་གད་སྙིཊ་ཐག་གཅོད་ས་ཚིཊ་ཞིག་འཛུཊ་བསྐྲུན་བྱེད་དགོས་པར་མ་ཟད།  ཁེ་ལས་དང་འབྲེལ་བ་དམ་ཟབ་བཙུཊ་ཏེ།  ལྗོངས་ཁུལ་དུ་དོ་དམ་ཤུཊ་ཆེན་གནང་དགོས།  དེ་དང་མཉམ་དུ་དྲིལ་སྒྲོཊ་སོཊ་ཀྱི་བྱེད་ཐབས་སྤྱད་ནས་ས་དེ་གའི་འབྲོག་པ་དང་ཡུལ་བསྐོར་ལྗོངས་རྒྱུ་པ་དག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་འཐོར་གཏོང་དགོས་ཅེས་བཤད་འདུག
   དེ་མིན་རྐང་ཚའི་རྫོང་མཁར་གྱི་ནུབ་མཚམས་སུའང་གད་སྙིཊ་ཚད་ལྡན་ལྟར་ཐག་གཅོད་མ་བྱས་པར་ས་དོང་གི་ནང་དུ་ཅི་དགར་སྤུངས་འདུག་པའི་གནས་ཚུལ་འདུག

   མཚོ་སྔོན་པོའི་ཡུལ་བསྐོར་ཚད་ཡོད་ཀུང་ཟིའི་ལྗོངས་ཁུལ་མཉམ་འབྲེལ་སྡེ་ཁག་གི་སྤྱི་གཉེར་དཔལ་བཟང་ཚེ་དབང་ལཊ་ཀྱིས་བཤད་རྒྱུར། ཁོ་ཚོའི་འགན་གཙོ་བོ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་སྤྱི་ལེ༣༢༧ལྷག་གི་གད་སྙིཊ་ཀྱི་བྱ་བར་དོ་དམ་བྱ་རྒྱུ་དེ་ཡིན་པ་དང་། ཡིན་ནའང་གྲོང་བརྡལ་གྱི་མཐའ་འཁོར་དང་འབྲོག་པའི་རྩྭ་ས། མཚོ་མཐའ་སོཊ་ནི་ང་ཚོའི་དོ་དམ་གྱི་ཁྱབ་ཁོངས་མིན་པ་དང་། གད་སྙིཊ་ཀྱི་བཙོག་བསྒྱུར་ཚད་ཆེས་མཐོ་བ་ནི་ལམ་འགྲམ་དང་ལྗོངས་ཁུལ་གཙོ་བོ་དག་མིན་ལ། དེ་ནི་གཙོ་བོ་མི་སྒེར་གྱི་ཡུལ་སྐོར་སྣེ་ལེན་ས་ཚིཊ་དེ་དག་ཡིན་འདུགམཚོ་སྔོན་པོའི་ཡུལ་བསྐོར་ལྗོངས་ཁུལ་གྱི་དོ་དམ་སྡེ་ཁག་གིས་ལོ་རེར་ཁུལ་རིམ་པ་དང་རྫོང་རིམ་པ། གྲོང་བརྡལ་གྱི་རིམ་པ་སོཊ་ལ་མཉམ་འབྲེལ་སྒོས་འབྲེལ་ཡོད་སྲིད་བྱུས་ལག་བསྟར་བྱས་ནའང་མཐའ་འཇུག་སྡེ་བ་སོ་སོར་ཐོན་དུས་ལག་བསྟར་བྱེད་ཐུབ་ཀྱིན་མི་འདུག   དཔལ་བཟང་ཚེ་དབང་ལཊ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཡུལ་སྐོར་བ་མང་ཤས་ལ་རང་རྟོཊ་ཀྱི་ཚད་ཤིན་ཏུ་འཐོ་ནའང་། ཡུལ་བསྐོར་བ་ཉུང་ཤས་ཞིག་གིས་གད་སྙིཊ་སོཊ་གང་སར་འཕེན་ལ། དེར་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་དག་གིས་བཀག་འགོག་བྱས་ནའང་དོ་སྣང་ཅི་ཡང་མི་བྱེད་ཁར་ཕྱིར་ཁོར་སྲུང་པ་ཚོར་སྡིག་དམོད་བྱེད་སྲིད། ང་ཚོར་ཁྲིམས་འཛིན་གྱི་དབང་ཆ་མེད་སྟབས་དེར་བྱ་བ་གང་ཡང་བསྒྲུབ་ཐབས་མེད་འདུག་ཅེས་བཤད་བྱུང་།
   དཔལ་བཟང་ཚེ་དབང་ལཊ་ཀྱིས་བཤད་རྒྱུར། མཚོ་མཐའི་གད་སྙིཊ་ཕྱིར་བསྡུས་རྗེས་གད་སྙིཊ་ཐག་གཅོད་བྱ་སའི་ས་ཚིཊ་ལ་བསྐྱལ་ནས་ཐག་གཅོད་བྱེད་དགོས་ནའང་། ཁེ་ལས་པ་ཚོར་གད་སྙིཊ་ཐག་གཅོད་ཀྱི་ནུས་པ་མེད་སྟབས་ས་གནས་རིམ་པར་དངུལ་སྤྲད་ནས་གད་སྙིཊ་ལ་ཐག་གཅོད་བྱེད་བཞིན་ཡོད། ཁེ་ལས་པ་ཚོར་ག་སྙིཊ་ཐག་གཅོད་བྱ་སའི་ས་ཚིཊ་འཛུཊ་བསྐྲུན་བྱེད་འདོད་ཀྱི་རེ་བ་ཆེ་ནའང་། གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་ས་འཛིན་གྱི་ཐོབ་དབང་སོཊ་གནང་གི་མི་འདུག་པ་གནད་དོན་ཡིན་འདུག་ཅེས་བཤད་བྱུང་།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070