སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཤིན་ཅང་གི་ཕྱི་བགྲོད་ལམ་ཡིག་མཆན་སྤྲོད་ལམ་ལུཊ་སྟབས་བདེ་རུ་གཏང་རྒྱུ་རེད།
སྤེལ་དུས། 2015-08-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཕྱི་བགྲོད་ལམ་ཡིག་གི་དོ་དམ་སྲིད་ཇུས་བཅོས་བསྒྱུར་ཇེ་མགྱོགས་གཏོང་ཆེད་ཁྲིམས་བཞིན་ཕྱོགས་ཡོངས་ནས་གཅིག་གྱུར་སྒོས་ལམ་ཡིག་དཀྱུས་མའི་མཆན་སྤྲོད་དོ་དམ་ལམ་ལུགས་ལག་བསྟར་བྱ་རྒྱུ་རེད། སྡོད་དམངས་ཡོངས་རྫོགས་ལམ་ཡིག་རེ་ཞུའི་ཆ་རྐྱེན་གཅིག་མཚུངས་ཡིན་ཞིང་རེ་ཞུའི་ལམ་ལུགས་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་བཏང་སྟེ། རིགས་མི་གཅིག་པའི་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཕྱི་ལོགས་སུ་འགྲོ་འོང་བྱེད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཡོང་བ་བྱ་རྒྱུ་རེད།

ཟླ ༨ པའི་ཚེས ༥ ཉིན་གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ན། གོམ་གང་མདུན་སྤོས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་ལྟེ་བའི་འཛུགས་སྐྲུན་འཆར་འགོད་དང་མཐུན་ཞིང་ཤིན་ཅང་གི་བསྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་ཞིག་གཏོད་ཆེད་ཁཱ་ཙེ་ལ་སུའི་ཁཱ་ཨར་ཁཱ་ཙེ་རང་སྐྱོང་ཁུལ་སོགས་ས་ཁུལ་གསུམ་གྱི་ཕྱི་བགྲོད་ལམ་ཡིག་མཆན་སྤྲོད་དོ་དམ་བཅོས་སྒྱུར་གྱི་ཚོད་ལྟའི་ཉམས་མྱོང་ཐོག་ཉེ་ལམ་རང་སྐྱོང་ལྗོངས་ནས་ཞིབ་འཇུག་གཏན་འབེབས་བྱས་པར། མུ་མཐུད་ནས་ལམ་ཡིག་དཀྱུས་མའི་མཆན་སྤྲོད་དོ་དམ་སྲིད་ཇུས་ལ་བཅོས་སྒྱུར་བཏང་སྟེ་ཁྲིམས་མཐུན་ངང་གཅིག་གྱུར་ཐོག་ལམ་ཡིག་དཀྱུས་མའི་མཆན་སྤྲོད་སྲིད་ཇུས་དོན་འཁྱོལ་ཡོང་བ་དང་སྡོད་དམངས་ཡོངས་ཀྱི་ལམ་ཡིག་རེ་ཞུའི་ཆ་རྐྱེན་གཅིག་མཚུངས་དང་རེ་ཞུའི་ལམ་ལུགས་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་གཏོང་བ། མི་རིགས་མི་གཅིག་པའི་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཕྱི་བགྲོད་རེ་འདུན་མངོན་གྱུར་ཡོང་བ་བྱ་རྒྱུ་རེད་འདུག

སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ལམ་ཡིག་སྤྲོད་རྒྱུ་ཡིན་ཞེས་བརྗོད། ལམ་ཡིག་དཀྱུས་མ་རེ་ཞུ་མཁན་གྱི་སྡོད་དམངས་ཚོས་ལམ་ཡིག་རེ་ཞུ་སྐབས་ཐེམ་ཐོ་དང་རབས་གཉིས་པའི་ཐོབ་ཐང་ལག་འཁྱེར་སོགས་དཔྱད་གཞིའི་རྒྱུ་ཆ་བསྣམ་དགོས་པ་འཕུད་ད་དུང་དོ་སྣང་བྱ་ཡུལ་གང་དག་ཡོད་དམ་ཞེ་ན།

ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་མཁན་ཡིན་ཚེ།  ཡུལ་སྐོར་དོན་གཅོད་ཁང་གིས་ཡུལ་སྐོར་ཞབས་ཞུའི་འགྲོ་གྲོན་འཛིན་བྱང་དགོས་པ།

ཕྱི་རྒྱལ་དུ་གཉེན་འཕྲད་ལ་འགྲོ་མཁན་ཡིན་ཕྱིན། འཕྲད་ཡུལ་གཉེན་ཉེའམ་གྲོགས་མཆེད་ཀྱི་ཐོབ་ཐང་ལག་འཁྱེར་གྱི་བུ་ཡིག་དགོས་པ།

ཕྱི་རྒྱལ་དུ་ཚོང་དོན་བྱེད་སྒོར་ཞུགས་མཁན་ཡིན་ཚེ།  ཁོངས་གཏོགས་ཀུང་སིའི་གོ་ཆོད་ཚོང་གཉེར་ལག་འཁྱེར་དང་། ལས་ཁུངས་ཀྱི་ཚབ་ཨང་དཔང་ཡིག ཀུང་སིའི་མངག་གཏོང་ཡིག་ཆསྒེར་གཉེར་བཟོ་ཚོང་ཐེམ་དུད་ཡིན་ཕྱིན་གོ་ཆོད་ཚོང་གཉེར་ལག་འཁྱེརདགོས་པ།

ཕྱི་རྒྱལ་དུ་སློབ་གཉེར་ལ་འགྲོ་མཁན་ཡིན་ཚེ། སློབ་གསོའི་པུའུ་ཡི་ཕྱི་ཕྱོགས་ལྟ་སྐུལ་དོ་དམ་དྲ་བའི་ཐོག་སྤྱི་བསྒྲགས་བྱས་པའི་ཕྱི་རྒྱལ་གྱི་ཚད་ལྡན་མཐོ་སློབ་ཏུ་ཚུད་པའི་སློབ་ཚུད་བརྡ་ཐོ་ཡོད་དགོས་པ།

དེ་མིན་རྒྱུ་རྐྱེན་གཞན་ཅི་རིགས་ཀྱིས་རྐྱེན་པས་ཕྱིར་བགྲོད་ལམ་ཡིག་རེ་ཞུ་མཁན་དག་གིས་དེ་འབྲེལ་ར་སྤྲོད་ཡིག་ཆ་འབུལ་སྤྲོད་བྱེད་དགོས།

དེ་དང་དུས་མཚུངསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་འགྲོ་འོང་དོ་དམ་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་བགྲོད་ལམ་ཡིག་བཅའ་སྲོལསོགས་འབྲེལ་ཡོད་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་རྒྱལ་མཚམས་ནས་ཐོན་མི་ཆོག་པའི་སྤྱི་དམངས་ལ་ལམ་ཡིག་མཆན་སྤྲོད་མི་ཆོག་པ་རེད།

སྤྱི་བདེ་ལས་ཁུངས་ནས་མུ་མཐུད་རེ་ཞུའི་གོ་རིམ་ཚད་ལྡན་ཅན་དང་འགྲོ་ལུགས་སྟབས་བདེ་ཅན་དུ་གྱུར་བ་བྱེད་པ། དེ་བཞིན་གྲོང་མིའི་ཉེ་འཁོར་དུ་ལས་ཤག་ཁང་གསབ་སྣོན་དང་བློ་འདྲི་ལན་འདེབས་གྲ་སྒྲིག་ཚགས་ཚུད་པ་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་སྡོད་དམངས་ཀྱི་ལམ་ཡིག་རེ་ཞུའི་དགོས་མཁོ་བསྐང་རྒྱུ་རེད་འདུག

སྤྱི་བདེ་ཚན་པས་འདི་ནི་རྒྱུན་རིང་གི་སྲིད་ཇུས་ཤིག་ཡིན་ཞིང་སྡོད་དམངས་ཚོས་རང་གི་དགོས་མཁོ་དང་བསྟུན་ནས་དུས་ངེས་མེད་ལ་ལམ་ལུགས་གཉེར་དུ་ཡོང་ཆོག་པས་ཧོལ་རྒྱུག་བྱེད་དོན་མེད་ཅེས་བརྗོད།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070