སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སིའི་མ་རྐང་ལས་བརྒྱ་ཆའི༨༠ཧྲི་ཡོན་ཞིན་མི་སྒེར་གྱིས་དབང་དུ་བཟུང་འདུག
སྤེལ་དུས། 2015-08-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།

ཧྲི་ཡོན་ཞིན་གྱིས་ཡང་བསྐྱར"དོན་རྐྱེན་ཆེན་པོ་བཟོས་སོང"ཞེས། ཉེ་ཆར་ཧྲི་ཀྲིང་ཡི་རུ་འབོད་པ་གང་གིས་དྲ་ལམ་དུ་ཧྲའོ་ལིན་དགོན་པའི་དགོན་བདག་ཧྲི་ཡོན་ཞིན་གྱི་མི་སྒེར་འཚོ་བ་ཟང་ཟིང་ཆེ་ཞིང་།  ཧྲའོ་ལིན་དགོན་པའི་རྒྱུ་ནོར་བཙན་བཟུང་དང་དགོན་གཞུང་གི་མཚན་སྙན་བཙོག་པོར་བཟོས་འདུག་ཅེས་ཐེར་འདོན་གོང་ཞུའི་ནང་དོན་དྲ་ལམ་དུ་སྤེལ་མ་ཐག་ཀུན་གྱིས་གླེང་བརྗོད་ཚ་བྲིན་སྤེལ་འདུག

དོན་དངོས་ཐོག་  འདི་ནི་ཧྲི་ཡོན་ཞིན་ཐེངས་དང་པོར་བཤད་རྒྱུན་དེ་འདྲར་ཚུད་པ་མ་ཡིན་པར། ཧྲའོ་ལིན་དགོན་པ་ཚོང་ལས་ཅན་གྱི་བསྒྱུར་དབང་གིས་སྔོན་ཆད་ཀྱང་ཁོ་རང་ལ་དེ་འདྲའི་མི་ཁ་འཁོར་མྱོང་ཡོད་རེད།  ཉིན་རེའི་དཔལ་འབྱོར་གསར་འགྱུརགྱི་གསར་འགོད་པས་དོ་སྣང་བྱུང་པ་ལྟར་ན། ལོ་ངོ་དུ་མའི་རིང་གི་འཕེལ་རྒྱས་དང་བསྟུན།  ཧྲའོ་ལིན་དགོན་ལ་ལས་ཁོངས་མང་པོར་ཁྱབ་པའི་ཚོང་ལས་ཁོར་ཡུག་ཅིག་ཆགས་ཡོད་པ་དང་། དེའི་ཁྲོད་ཧི་ནན་ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་དོ་དམ་ཚད་ཡོད་ཀུང་སི་ནིགཤམ་དུ་ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སི་ཞེས་བསྡུསམ་རྐང་གཙོ་བོ་ཡིན་ལ། ཧྲའོ་ལིན་དགོན་པའི་ཚོང་ལས་ཅན་འཁོར་སྐྱོད་བྱེད་སའི་སྡིངས་ཆ་གལ་ཆེན་ཡང་རེད་འདུག  ཡིན་ནའང་གསར་འགོད་པས་དཔྱད་གཞིའི་ཡིག་རིགས་ལྟ་ཞིབ་བྱས་པ་བརྒྱུད། ཀུང་སི་འདི་གའི་མ་རྐང་འཇོག་མཁན་ཁྲོད་ཧྲི་ཡོན་ཞིན་ཡང་ནང་དུ་འདུས་ཡོད་འདུག

ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སི་ཐོ་འགོད་བྱས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། ཧྲི་ཡོན་ཞིན་གྱིས་ཀུང་སི་དེ་གའི་མ་རྐང་བརྒྱ་ཆའི༨༠བདག་ཏུ་བཟུང་ཡོད་པ་དང་། ཀྲུང་གོའི་སུང་ཧྲན་ཧྲའོ་ལིན་དགོན་པར་དེ་ལས་མ་རྐང་བརྒྱ་ཆའི ༡༠ མ་གཏོགས་དབང་མི་འདུག་ཅིང་།  གཞན་ཡང་ཀུང་སི་དེ་གས"སྤྲོ་སྐྱིད་གནས"སོགས་ཞོར་གཏོགས་ཀུང་སི ༧ ལའང་མ་རྐང་བཞག་ཡོད་ཅིང་། ཞོར་གཏོགས་ཀུང་སི་དེ༧ཀྱི་ཁྲོད་ཀྱང་ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སིའི་དོ་དམ་པའི་སྡེ་ཡང་ནང་དུ་འདུས་ཡོད་འདུག

ཧྲི་ཡོན་ཞིན་གྱིས་མ་རྐང་བརྒྱ་ཆའི ༨༠ བདག་དབང་དུ་བཟུང་འདུག

ཧྲའོ་ལིན་དགོན"ཚོང་ལས་དུ་ཞུགས་པ་ཐལ་དྲགས"པར་ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་ཚད་མེད་ཐེབས་ཤིང་། ཧྲི་ཡོན་ཞིན་གྱིས་རབས་སུམ་ཅུ་བའི་དགོན་བདག་གི་འགན་བཞེས་རྗེས། ཧྲའོ་ལིན་དགོན་འཕེལ་རྒྱས་མགྱོགས་པའི་དུས་སུ་སླེབས་ཡོད་རེད། ཉེ་དུས་རིང་། ཧྲའོ་ལིན་དགོན་པས་ཀུང་སི་དང་ཚོང་རྟགས་ཐོ་འགོད་བྱས་ཤིང་། ཚོང་ལས་བྱེད་སྒོ་སྤེལ་ནས་ཧུར་ཐག་སྒོས་ཕྱི་རྒྱལ་དུ་ལས་སྒོ་རྒྱ་བསྐྱེད་ཅིང་། ལས་ཁོངས་མང་པོའི"ཚོང་ལས་མངའ་ཁོངས"ཐོག་མར་ཆགས་ཡོད་རེད།

ཧྲའོ་ལིན་དགོན་པའི་གཞུང་ཕྱོགས་དྲ་བར་མངོན་པ་ལྟར་ན། ཧྲའོ་ལིན་དགོན་པའི་ཁོངས་སུ་ཧྲའོ་ལིན་གཟུགས་མེད་མ་རྩ་དོ་དམ་ལྟེ་གནས་དང་། ཧྲའོ་ལིན་རིག་གནས་ཁྱབ་སྤེལ་ལྟེ་གནས།  ཧྲའོ་ལིན་དགེ་འདུན་དྲག་རྩལ་ཚོགས་པ།སྒོམ་སྒྲུབདུས་དེབ་ཁང་།  ཧྲའོ་ལིན་དཔེ་ཁང་།   ཧྲའོ་ལིན་སྨན་རྫས་ཁང་། ཧྲའོ་ལིན་སྤྲོ་སྐྱིད་གནས། ཧྲའོ་ལིན་ཤང་ཐང་། ཕྱི་རྒྱལ་གྱི་རིག་གནས་ལྟེ་གནས་ཀུང་སི་དུ་མ་དང་རྒྱུ་ནོར་འབོར་ཆེན་ཡོད་འདུག

དེ་ལས།  ཧྲའོ་ལིན་གཟུགས་མེད་མ་རྩ་དོ་དམ་ལྟེ་གནས་ཀྱི་མིང་ཆ་ཚང་ལ་ཧོ་ནན་ཧྲའོ་ལིན་གཟུགས་མེད་མ་རྩ་དོ་དམ་ཚད་ཡོད་ཀུང་སི་ཞེས་པ་མངོན་གསལ་བཤེར་འཚོལ་བྱེད་ཐུབ་ཅིང་། ཧྲའོ་ལིན་དགོན་པའི་ཁོངས་གཏོགས་ཀྱི་མ་རྐང་གཙོ་གྲས་དེ་ཡིན་པ་དང་། ཧྲའོ་ལིན་དགོན་པའི་ཚོང་ལས་ཅན་གྱི་ལས་སྒོ་མང་པོ་ཀུང་སི་འདིས་ལེགས་འགྲུབ་བྱེད་ཀྱི་འདུག

ཧྲའོ་ལིན་དགོན་པའི་གཞུང་ཕྱོགས་དྲ་བར་ངོ་སྤྲོད་ལྟར་ན། ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སིའི་ལྟེ་བའི་ལས་འགན་ནི"ཧྲའོ་ལིན"དང་"ཧྲའོ་ལིན་དགོན"ཞེས་པའི་ཀྲུང་ཧྭའི་ལོ་ངོ་སྟོང་གི་ཚོང་རྟགས་གྲགས་ཅན་འདིའི་རིན་ཐང་བརྟན་སྲུང་དང་རིན་ཐང་ཡར་སྐྱེད་བྱས་ངོར། ཇི་སྲིད་བར་དུ་བསྟུད་མར་འཕེལ་རྒྱས་ཡོང་པར་ཁག་ཐེག་བྱ་རྒྱུ་དེ་རེད། ཀུང་སིས་ཀྱང་ཧྲའོ་ལིན་དགོན་པའི་ཚོང་རྟགས་དང་མིང་རྟགས་སོགས་གཟུགས་མེད་མ་རྩར་སྲུང་སྐྱོབ་གོ་ཆོད་གནང་པ་གཙོར་བཟུང་ཡོད་པ་དང་། མིག་སྔར་ཧྲའོ་ལིན་དགོན་གྱིས་ཚོང་རྟགས་སྣ་ཁ ༤༠ དང་རྣམ་གྲངས ༢༠༠ ལྷག་ཙམ་ལ་ཐོ་འགོད་དཔང་ཡིག་བླངས་ཡོད་འདུག

ཧྲའོ་ལིན་གཟུགས་མེད་མ་རྩ་དོ་དམ་ལྟེ་གནས་ནི ༡༩༩༨ ལོར་བཙུགས་ཤིང་། གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལྟར་ན། ཀུང་སི་དེ་ནི་ཀྲུང་གོའི་སུང་ཧྲན་ཧྲའོ་ལིན་དགོན(ཚོགས་པའི་ཁྲིམས་མི)གྱིས་མ་རྩ་ཡོད་ཚད་བཏང་འདུག་ཅིང་།  མ་ཟད་ཀྲུང་གོའི་སུང་ཧྲན་ཧྲའོ་ལིན་དགོན་ནི་ཧྲའོ་ལིན་དགོན་པའི་བདག་དབང་འཛིན་མཁན་རེད།  དེ་ལྟར་ནའང་། དེ་ལས་འགལ་ཟླ་ཞིག་སྣང་པ་ནི། དེའི་མ་རྐང་འཇོག་མཁན་ནི་ཀྲུང་གོའི་སུང་ཧྲན་ཧྲའོ་ལིན་དགོན་གཅིག་པུ་མ་ཡིན་པར་། ཁྲིམས་མིའི་མ་རྐང་འཇོག་མཁན་ཀྲུང་གོའི་སུང་ཧྲན་ཧྲའོ་ལིན་དགོན་དང་མ་རྐང་འཇོག་མཁན་གཞན་གཉིས་ཀྱིས་གྲུབ་འདུག་ལ། ཧྲི་ཡོན་ཞིན་གྱི་མིང་ཡང་དེའི་ཁྲོད་ཡོད་པ་རེད།

ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སི་ཐོ་འགོད་བྱས་སྐོར་གྱི་དཔྱད་ཡིག་ལས་མངོན་པ་ལྟར་ན། ཧྲི་ཡོན་ཞིན་གྱིས་མ་རྐང་བརྒྱ་ཆའི༨༠དང་། ཧྲི་ཡོན་ཆན་གྱིས་བརྒྱ་ཆའི༡༠བདག་ཏུ་བཟུང་འདུག་ཅིང་།  དེའི་ཁྲོད་ཀྲུང་གོའི་སུང་ཧྲིན་ཧྲའོ་ལིན་དགོན་གྱིས་མ་རྐང་བརྒྱ་ཆའི༡༠མ་གཏོགས་བཟུང་མི་འདུག    རྒྱུ་རྐྱེན་ཅིའི་དབང་གིས་ཧྲི་ཡོན་ཞིན་གྱིས་ཧྲའོ་ལིན་དགོན་གྱིས་མ་རྐང་ཚོད་འཛིན་ཀུང་སིའི་མ་རྐང་འབོར་ཆེན་བདག་ཏུ་འཛིན་ཐུབ་པ་དང་། མ་རྩ་གཏོང་མཁན་ཡང་མི་སྒེར་དང་ཧྲའོ་ལིན་དགོན་གང་ཡིན་གྱི་དོགས་གཞིའི་ཐད།  གསར་འགོད་པས་ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཆན་ཏ་ལེང་ལས་རྩད་ཞིབ་བྱ་བསམ་མོད།གང་དེར་འབྲེལ་གནང་མ་ཐུབ་པས། རྩོམ་འདི་འགོད་བར་དུ་འབྲེལ་ཡོད་ཨ་ལན་ཅི་ཡང་བསྐྱོན་མ་སོང་།

གཞན་ཡང་།  གཟུགས་མེད་མ་རྩ་ཀུང་སི་བདག་འཛིན་བྱས་པ་ལས་གཞན་ཧྲི་ཡོན་ཞིན་གྱིས་ཀྲེང་ཀྲོའུ་ཧྲའོ་ལིན་དགོན་དྲ་རྒྱ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཁྲིམས་མིའི་འཐུས་ཚབ་ཀྱང་ཁུར་དུ་བླངས་འདུག་ཅིང་། ཀུང་སི་དེ་ནི་སྤྱི་ལོ༡༩༩༧ལོའི་ཟླ༡༡པར་བཙུགས་འདུག་མོད། ་ད་ཆར་ཀུང་སི་ཐོ་ཁོངས་ནས་མ་བསུབ་ཀྱང་རྩིས་མེད་དུ་གྱུར་འདུག

ཡན་ལག་ཀུང་སི ༧ ལ་མ་རྐང་བཞག་འདུག

ཧྲི་ཡོན་ཞིན་གྱིས་གཟུགས་མེད་མ་རྩ་ཀུང་སིའི་མ་རྐང་བདག་ཏུ་བཟུང་པ་ལས་གཞན། སྤྲོ་སྐྱིད་གནས་ཚད་ཡོད་ཀུང་སི་འདུས་པའི་ཁོངས་གཏོགས་ཡན་ལག་ཀུང་སི༧ལ་མ་རྐང་བཞག་འདུག་ཅིང་།  ལས་སྒོ་ཡང་ཇ་ལོ་དང་། རིག་གནས།  ཡུལ་སྐོར་བཅས་སུ་ཁྱབ་འདུག  ཉིན་རེའི་དཔལ་འབྱོར་གསར་འགྱུརགྱི་གསར་འགོད་པས་དོ་སྣང་བྱས་པ་ལྟར་ན། ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སིའི་དོ་དམ་པའི་སྡེ་ནས་ཡན་ལག་ཀུང་སི་གཞན་དག་ཏུའང་མ་རྐང་ཉར་འདུག

ཧྲའོ་ལིན་སྤྲོ་སྐྱིད་གནས་ཚད་ཡོད་ཀུང་སི་ནི་ཧྲི་ཀྲུང་ཡི་ཡིས་ཐེར་འདོན་གོང་ཞུའི་ནང་དུ་བཏོན་པའི་མ་རྩ་རྡིབ་པའི་ཀུང་སི་དེ་རེད་འདུག  ཐོ་འགོད་དཔྱད་ཡིག་ལས་མངོན་པ་ལྟར་ན། ཀུང་སི་དེ་ཉིད་སྤྱི་ལོ ༡༩༩༧ ལོའི་ཟླ ༡༢ པར་བཙུགས་ཤིང་།  ཐོ་འགོད་མ་རྩ་དམངས་སྒོར་ཁྲི ༥༠ དང་།  ཧྲའོ་ལིན་གཟུགས་མེད་མ་རྩ་ཀུང་སིས་མ་དངུལ་སྒོར་ཁྲི ༢༧༥ བཏང་ནས་མ་རྐང་བརྒྱ་ཆའི ༥༥ ཉར་པ་དང་། ཆན་ཏ་ལེང་གིས་མ་དངུལ་སྒོར་ཁྲི༥བཏང་ནས་མ་རྐང་བརྒྱ་ཆའི ༡༠ ཉར་པ།  ཧན་མིང་ཅོན་གྱིས་མ་དངུལ་སྒོར་ཁྲི ༡༧.༥ བཏང་ནས་མ་རྐང་བརྒྱ་ཆའི ༣༥ ཉར་འདུག    

ཧན་མིང་ཅོན་ནི་གོང་གསལ་བཞིན་དྲ་ལམ་དུ་ཐེར་འདོན་གནང་པའི་ཧྲི་ཡོན་ཞོན་གྱི་མཛའ་གྲོགས་ཡིན་པ་དང་། ཧྲའོ་ལིན་སྤྲོ་སྐྱིད་གནས་ཀུང་སིའི ༢༠༡༣ ལོའི་ལོ་འཁོར་སྙན་ཞུ་ལྟར་ན།  ཀུང་སིར་སྒོར་ཁྲི ༣.༡༩ཡི་གྱོང་གུད་ཐེབས་ཡོད་པ་དང་། སྤྱིའི་མ་དངུལ་དམངས་སྒོར་ཁྲི ༡༤༦.༡༨རེད་འདུག

དེ་བྱིངས་ཀུང་སི་ལྔ་ནི། ཏུན་ཧྥིང་སུང་ཏེན་རིག་གནས་ཉམས་ལེན་ཚད་ཡོད་ཀུང་སི་དང་།  པེ་ཅིང་རྡོ་རྗེ་ཤེས་རབ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི།   ཀྲེང་ཀྲོའུ་སུང་ཧྲན་ཧྲའོ་ལིན་དགོན་ཇ་ལས་ཚད་ཡོད་ཀུང་སི།  ཀྲེང་ཀྲོའུ་ཧྲའོ་ལིན་ཤང་ཐང་ཚད་ཡོད་ཀུང་སི།   ཧོ་ནན་སུང་ཏེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་རེད།

པེ་ཅིང་ཏུན་ཧྥིང་སུང་ཏེན་རིག་གནས་ཉམས་ལེན་ཚད་ཡོད་ཀུང་སི་ནི ༢༠༡༣ ལོའི་ཟླ ༧ པར་བཙུགས་ཤིང་། ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སིའི་མ་དངུལ་སྒོར་ཁྲི༣༥བཏང་ནས་མ་རྐང་བརྒྱ་ཆའི ༧༠ བཟུང་ཡོད་ཅིང་། རང་བྱུང་མི་ཡོན་མེན་ཀྲུའུ་ཡིས་མ་དངུལ་སྒོར་ཁྲི༡༥བཏང་ནས་མ་རྐང་བརྒྱ་ཆའི ༣༠ བཟུང་འདུག ཡོངས་ཁྱབ་འཚོལ་བཤེར་ལྟར་ན། ཡོན་མེན་ཀྲུའུ་ནི་ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། ཧྲའོ་ལིན་དགོན་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་གི་ཉམས་ལེན་རུ་ཤོག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་འགན་ཁུར་འདུག ཡོན་མེན་ཀྲུའུ་ཡིས་གསར་ལམ་གྱི་བཅར་འདྲི་དང་ལེན་བྱེད་སྐབས། དེང་ཆར་ཁོ་རང་ནི་དགོན་བདག་གི་ལག་རོགས་ཙམ་ཡིན་ཏེ། དགེ་འདུན་པ་དག་འགྲོ་མི་འཚམ་པའི་ཚོང་ལས་ཁོར་ཡུག་དག་ཏུ་ཁོ་རང་དང་ལས་གྲོགས་ཚོས་ཚབ་བྱས་ཐོག་གྲོས་མོལ་དང་མཐུན་སྦྱོར་གནང་གི་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

ཀྲེང་ཀྲོའུ་སུང་ཧྲན་ཧྲའོ་ལིན་དགོན་ཇ་ལས་ཚད་ཡོད་ཀུང་སི་ནི ༢༠༡༣ ལོའི་ཟླ ༤ བཙུགས་པ་དང་། ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སིས་མ་དངུལ་སྒོར་ཁྲི ༤༧.༥བཏང་ནས་མ་རྐང་བརྒྱ་ཆའི ༩༥ བཟུང་ཡོད་པ་དང་། ཆན་ཏ་ལེང་གིས་མ་དངུལ་ཁྲི ༢.༥ བཏང་ནས་མ་རྐང་བརྒྱ་ཆའི ༥ བཟུང་ཡོད། ཡོངས་ཁྱབ་བཤེར་འཚོལ་ལས་མངོན་པ་ལྟར་ན། ཆན་ཏ་ལེང་གིས་ཧྲའོ་ལིན་གཟུགས་མེད་མ་རྩ་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་འདུག

པེ་ཅིང་རྡོ་རྗེ་ཤེས་རབ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི ༢༠༡༢ ལོའི་ཟླ ༧ པར་བཙུགས་ཤིང་། ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སི་དང་དེ་བཞིན་ཀྲིང་ཤིན་མཉམ་འགུལཔེ་ཅིནཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི་སོ་སོས་མ་རྐང་བརྒྱ་ཆའི ༥༠ བཟུང་འདུག  ཧོ་ནན་སུང་ཏེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི ༢༠༡༣ ལོའིཟླ ༩ པར་བཙུགས་ཤིང་། ཐོ་བཀོད་མ་རྩ་སྒོར་བྱེ་བ་གཅིག་བཏང་འདུག་པ་དང་།    ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སིས་མ་རྐང་བརྒྱ་ཆའི་བརྒྱ་བཟུང་འདུག གཞན་ཡང་ད་ལོའི་ཟླ ༧ པར། ཧྲའོ་ལིན་དགོན་གཟུགས་མེད་མ་རྩ་ཀུང་སི་དང་པེ་ཅིང་ཅུག་ཀྲུའུ་ཧྲེང་ཧི་མ་རྩ་དོ་དམ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི ༢༠༠ བཏང་ནས་ཧོ་ནན་ཧྲའོ་ལིན་དར་རྒྱས་འཁྲབ་སྟོན་ཚད་ཡོད་ཀུང་སི་བཙུགས་ཤིང་། ཁྲིམས་མིའི་འཐུས་ཚབ་ནི་ཆན་ཏ་ལེང་རེད་འདུག

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070