སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁེ་ལས ༨ ཀྱིས་ཐིན་ཀུར་བྱེ་ཐང་སྦགས་བཙོག་བྱས་པར་ཁྲིམས་སྦྱོར་ཞུ་གཏུཊ་བྱས།
སྤེལ་དུས། 2015-08-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།

                                                                              

  ༢༠༡༤ ལོའི་ཟླ ༨ ཚེས ༢༩ ཉིན།  ནང་སོག་གི་ཐིན་ཀུར་བྱེ་ཐང་གི་དབུས་རྒྱུད་དུ། སྦགས་བཙོག་ཆུ་སྦུག་ཅིག་བྱེ་ཐང་གི་དབུས་རྒྱུད་བཙོག་ཆུའི་ནང་ཁུལ་དུ་བསྐྲུན་འདུག་ཅིང་།  སྤྱི་ལེ ༣. ཀྱི་ཕྱི་ནས་དྲངས་པའི་བཟོ་ལས་བཙོག་ཆུ་དེ་ཐད་ཀར་བྱེ་ཐང་དུ་བཏང་པ་ཡིན་ན།  བྱེ་ཐང་ལ་ཉེན་ཚབས་བཟོ་བ་མ་ཟད་དེའི་འདབས་རྒྱུད་དུ་བཞུར་པའི་རྨ་ཆུར་ཡང་གནོད་པ་ཐེབས་སྲིད

  ཅིང་གསར་ཚགས་པར་གྱི་གསར་འགོད་པས་ཁ་སང་ཤེས་རྟོགས་བྱུང་པ་ལྟར་ན། ཟླ ༨ པའི་ཚེས ༡༣ ཉིན། ཀྲུང་གོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ཚོགས་པས་(བསྡུས་མིང་ལ་ལྗང་འཕེལ་ཚོགས་པ)ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གྱོད་གཏུག་སྙན་ཞུ་ཕུལ་ཞིང་།  ཁེ་ལས ༨ ཀྱིས་ཁྲིམས་འགལ་སྒོས་བཙོག་འབུད་བྱ་སྤྱོད་དེས་"ཀུར་བྱེ་ཐང་ལ་སྦགས་བཙོག་བཟོས་པ་དེ"གཏུགས་སྒོས།  ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ཉེན་ཁ་སེལ་བ་སོགས་ཀྱི་ལས་རིམ་སྒྲུབ་དགོས་པའི་རེ་བ་བཏོན་འདུག   དེ་ནི་ན་ནིང་ཅིང་གསར་ཚགས་པར་གྱིས་བསྟུད་མར་ཐིན་ཀུར་བྱེ་ཐང་གི་ཁོར་ཡུག་སྦགས་བཙོག་དོན་རྐྱེན་གསར་ལམ་དུ་བསྒྲགས་རྗེས་སུ། གནོད་སྐྱོན་བཟོ་མཁན་ཁེ་ལས་དངོས་སུ་འཕྲད་པའི་སྤྱི་ཕན་གཏུག་བཤེར་ཐོག་མ་དེ་ཆགས་ཡོད་རེད།

  "ཞུ་སྦྱོར་ཕྱི་མས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའི་དམངས་དོན་འགན་འཁྲི་ཡང་འཁུར་དགོས་འདུག"

  ན་ནིང་ལོར།  ཅིང་གསར་ཚགས་པར་གྱིས་ཐིན་ཀུར་བྱེ་ཐང་གི་སྦགས་བཙོག་དོན་རྐྱེན་གསར་ལམ་དུ་ཐེར་འདོན་བྱས་རྗེས། དོན་རྐྱེན་འདིར་སྤྱི་ཚོགས་ཡོངས་ནས་དོ་ཁུར་ཆེན་པོ་ཐོབ་པ་མ་ཟད་མཐོ་རིམ་འགོ་ཁྲིད་པའི་སྡེ་ནས་ཀྱང་མཐོང་ཆེན་གནང་ཡོད་རེད། དེའི་རྗེས་ཙམ་དུ།  ས་གནས་སྲིད་གཞུང་གིས་སྒྲིག་བཅོས་བྱེད་འགོ་བརྩམས་པ་དང་།   ཁེ་ལས་ཁ་ཤས་ཀྱི་འགན་ཁུར་པར་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཤིང་། དཔོན་པོ་ཁ་ཤས་ལ་སྲིད་འཛིན་ཉེས་ཆད་བཅད་ཡོད།

  ཁ་སང་།  ལྗང་འཕེལ་ཚོགས་པའི་ཕྱོགས་ནས། གཟའ་སྔོན་མའི་གཟའ་ཕུར་བུའི་ཉིན། ཀྲུང་ཝེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁངགྱོད་གཏུག་སྙན་ཞུ་ཕུལ་བས་ན། འབྲེལ་ཡོད་ཀྱི་ཞུ་གཏུགས་ཡིག་ཆ་བསྡུ་ལེན་བྱས་ཤིང་བརྒྱུད་རིམ་ཧྲིལ་པོར་ཅུང་བདེ་བླག་རེད། མིག་སྔར་གྱི་ཞུ་སྦྱོར་ཕྱི་མ ༨ ཚང་མ་ཐིན་ཀུར་བྱེ་ཐང་སྦགས་བཙོག་དོན་རྐྱེན་གྱི་གནོད་སྐྱོན་བཟོ་མཁན་ཁེ་ལས་ཏག་ཏག་རེད་ཅེས་བསྟན་བྱུང་།

  དེ་ཡང་སྐབས་འདི་ཙམ་ཏུ་དོན་རྐྱེན་དེར་སྤྱི་ཕན་གཏུག་བཤེར་བྱེད་པའི་ཐད།  ལྗང་འཕེལ་ཚོགས་པའི་འབྲེལ་ཡོད་འགན་ཁུར་མི་སྣས་གྱོད་གཞི་འདིར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུང་ཁང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་བཅས་ཀྱི་མཆན་འགོད་མཛུབ་སྟོན་གནང་སྟེ་གཙིགས་མཐོང་མཛད་ཡོད་པས། ཞུ་སྦྱོར་ཕྱི་མར་སྲིད་འཛིན་དང་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཙམ་མིན་པར།  སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའི་དམངས་དོན་གྱི་འགན་ཡང་འཁུར་དགོས། དེར་བརྟེན་གྱོད་གཞི་འདིར་དཔེར་མཚོན་རང་བཞིན་ལྡན་དེ། སྤྱི་ཕན་གཏུག་བཤེར་གྱི་ངོས་ཐད་ནས་སྐུལ་སྤེལ་བཏང་ཆོག་ཅིང་། ཕྱིས་འབྱུང་ཁྲིམས་འགལ་ཁེ་ལས་གཞན་དག་ལའང་ཉེན་བརྡ་བཏང་ཡོད་རེད།

  ཁེ་ལས་ཁ་ཤས་ཀྱིས་སྲིད་གཞུང་གི་སྤྱི་པའི་མ་དངུལ་ལ་བརྟེན་ནས་སྦགས་བཙོག་ར་བ་ཉམས་གསོ་བྱས་འདུག

  ལྗང་འཕེལ་ཚོགས་པས། མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མས་ཁོར་ཡུག་སྦགས་བཙོག་གི་ཉེན་ཁ་སེལ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སླར་གསོའམ་བྱེ་ཐང་ཁོར་ཡུག་ཉམས་གསོའི་ཆེད་སྤྱོད་ཐེབས་རྩ་འཛུགས་རྒྱུ་མ་ཟད་ཕྱོགས་གསུམ་པར་མངགས་བཅོལ་གྱི་ཉམས་གསོ་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་ལས་མཁས་པ་དང་། འཐུས་མི་སོགས་ཀྱིས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ། ཁོར་ཡུག་ཉམས་གསོའི་གོང་གི་སྣོད་བཅུད་ནུས་པར་གྱོང་གུད་བཟོས་པར་སྐྱིན་ཚབ་སྤྲོད་རྒྱུ། རྒྱལ་ཡོངས་རང་བཞིན་གྱི་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་དགོངས་དག་ཞུ་བ་སོགས་ལྟར་ཐག་གཅོད་བྱེད་དགོས་པའི་གཏུག་བཤེར་གྱི་རྣམ་གྲངས་དོན་ཚན ༨ བཏོན་ཡོད་པ་རེད།

  གཞན་ཡང་། ལྗང་འཕེལ་ཚོགས་པའི་ཕྱོགས་ནས། མིག་སྔའི་ཡུལ་དངོས་སུ་བརྟག་དཔྱད་ལ་གཞིགས་ན། སྦགས་བཙོག་ཁོར་ཡུག་ཉམས་གསོ་བྱ་ཡུལ་ཁ་ཤས་སུ་འཕེལ་རྒྱས་དལ་བ་དང་།  ལ་ལར་དག་ཐེར་མཚམས་བཞག་ཡོད་ཅིང་། མིག་སྔར་ཁེ་ལས་ཁ་ཤས་ཀྱིས་སྲིད་གཞུང་གི་སྤྱི་པའི་མ་དངུལ་ཏེ་དཔྱ་ཁྲལ་འཇལ་མཁན་གྱིས་སྒོར་མོས་སྦགས་བཙོག་གནས་ཡུལ་ལ་ཉམས་གསོ་བྱེད་བཞིན་འདུག འདི་ནི"སུས་སྦགས་བཙོག་བཟོས་ཚེ་སུ་བཅོས་སྐྱོང་བྱེད་དགོས་པའི"རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་པས། ཁྲིམས་འཛིན་གྱི་ཐབས་ལམ་བརྒྱུད་དེ་དོན་རྐྱེན་དང་འབྲེལ་བའི་ཁེ་ལས་ཀྱིས་ཉམས་གསོའི་འགན་འཁུར་དགོས་པའི་རེ་བ་བཏོན་ཡོད་རེད།

  ཞུ་སྦྱོར་ཕྱི་མ ༨ ཡོད་པའི་དབང་གིས། ལྗང་འཕེལ་ཚོགས་པའི་ཕྱོགས་ནས་གྱོད་གཏུག་སྙན་ཞུའི་ཁྲོད་ཞི་སྦྱོར་ཕྱི་མ་རེ་རེའི་ཁོར་ཡུག་སྦགས་བཙོག་ལ་གནོད་སྐྱོན་བཟོས་པའི་དོན་དངོས་ཐད་ནང་དོན་ཞིབ་ཕྲ་བཀོད་ཡོད་མོད། གྱོད་གཏུག་སྙན་ཞུའི་ནང་། ཞུ་སྦྱོར་ཕྱི་མ ༨ ཀྱི་སྦགས་བཙོག་བྱེད་སྤྱོད་དེ་ཐིན་ཀུར་བྱེ་ཐང་གི་སྦགས་བཙོག་དོན་རྐྱེན་གྱི་གྲུབ་ཆ་ཞིག་ཡིན་ཕྱིར།  གྱོད་གཞི་དེ་དག་གཅིག་སྒྲིལ་གྱིས་ཞིབ་གཅོད་བྱེད་རྒྱུ་ཡིན་ཏེ། གལ་ཏེ་གཏུག་བཤེར་གཅིག་སྒྲིལ་གྱིས་ཞིབ་གཅོད་བྱས་པ་ཡིན་ན། གཏུག་བཤེར་གྱི་ཕན་ནུས་གོ་ཆོད་ཡོང་ཐུབ་པ་མ་ཟད། སྦགས་བཙོག་བྱ་ཡུལ་གྱི་ཁོར་ཡུག་ཉམས་གསོ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོབ་ཐད་ཀྱང་དགེ་མཚན་ཆེན་པོ་ལྡན་པ་རེད།

  ལྗང་འཕེལ་ཚོགས་པ་ནི་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་པའི་རྒྱལ་ཡོངས་རང་བཞིན་གྱི་ཁེ་གཉེར་མ་ཡིན་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་ཏེ། དེའི་སྔོན་ལ་ཞུ་སྦྱོར་སྔ་མའི་ངོས་ནས་ཀན་སུའུ་ཡི་ཆུའི་ཐོན་ཁུངས་སྦགས་བཙོག་གྱོད་གཞི་དང་། ཧའེ་ནན་སྡོང་དམར་ནགས་ཚལ་གྱི་གྱོད་གཞི། ཁང་ཧྥེ་ཡེའི་སྣུམ་གྱི་གྱོད་གཞི་གསུམ་སྤྱི་ཕན་གཏུག་བཤེར་གྱི་འགོ་བརྩམས་ཡོད་པ་རེད། གཏན་འབེབས་ལྟར། ཀྲུང་ཝེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉིན ༧ཏེ་གཟའ་འཁོར་གཅིག་རིང་གྱོད་དོན་ཐོ་འགོད་བྱ་མིན་ཐག་གཅོད་བྱེད་སྲིད་དོ། །

  ཁ་བྱང་ཕྱི་མོ། ཁེ་ལས ༨ ཀྱིས་ཐིན་ཀུར་བྱེ་ཐང་སྦགས་བཙོག་བྱས་པའི་ཉེས་མིང་ཐོག་ཁྲིམས་སྦྱོར་ཞུ་གཏུཊ་བྱས་འདུག

                                                                                         (རྩོམ་འགན་པ། དབང་འདུས།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070