སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དངུལ་ཁང་མཉམ་སྦྲེལ་གཱས་ཞིང་པར་རྒྱབ་སྐྱོར་གྱིས་དངུལ་ཁང་གཞན་ནས་དངུལ་ལེན་ཆོག
སྤེལ་དུས། 2015-09-21   ཡོང་ཁུངས། མི་དམངས་ཉིན་ཚཌ།   རྩོམ་སྒྲིག་པ།  
   འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། འགྲིམ་འགྲུལ་སྟབས་བདེ་མེད་པའི་ཅི་ལིང་ཞིང་ཆེན་སི་ཕིང་གྲོང་ཁྱེར་གྱི་གྲོང་གསེབ་ལམ་རྒྱུད་ཀྱི་ཚོང་ཁང་ཆུང་གྲས་ཁག་ཏུ་མངོན་གསལ་དོད་པའི“ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས”ཞེས་པའི་བྱང་བུ་བཀལ་ཡོད། དེ་ཁུལ་གྱི་ཞིང་པས“ཁྱིམ་གྱི་སྒོ་འགྲམ་ནས་དངུལ་ལེན་ཐུབ་པ་དང་། POSའཕྲུལ་ཆས་ཐོག་གཱ་འདྲས་ཚེ་དངུལ་ལེན་ཆོག་གི་འདུག”ཅེས་ཤོད་ཀྱི་ཡོད།
   མིག་སྔའི་བར་རྒྱལ་ནང་གི་ཚོང་ལས་དངུལ་ཁང་གིས་དངུལ་ཁང་མཉམ་སྦྲེལ་གཱ་ཕྱོགས་ཡོངས་ནས་སྤྱད་ཆོག་པའི་ཞིང་སྐྱོར་དངུལ་ལེན་བྱ་ཐབས་བཏོན་ཡོད་པས། ཞིང་པ་གྲོགས་པོ་ཚོས་དངུལ་ཁང་མཉམ་སྦྲེལ་གཱ་གང་རུང་ཞིག་སྤྱད་དེ་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁྲི་48ཀྱི་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་ཁྲི་90(རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་80%ལ་ཁྱབ་པ)ནས་དངུལ་ཁང་གཞན་ནས་དངུལ་ལེན་དང་དངུལ་ལྷག་འཕྲོ་ག་ཚོད་ཡོད་མེད་འདྲི་བ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་དེས། ཞིང་སྐྱོར་དངུལ་ལེན་ཞབས་ཞུ་ཚད་གཞི་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་ས་ཁུལ་དུ་དངུལ་ཁང་མཉམ་སྦྲེལ་གཱ་དྲ་སྦྲེལ་ཀུན་སྤྱོད་ཐུབ་ཚད་སྔར་ལས་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད།
   ད་ཐེངས་ཀྱི་དངུལ་ཁང་མཉམ་སྦྲེལ་གཱ་དངུལ་ཁང་སྒྲོལ་བའི་ཞིང་སྐྱོར་དངུལ་ལེན་ཐུབ་པ་དེས་གྲོང་གསེབ་ས་ཁུལ་དུ་དངུལ་ཁང་མཉམ་སྦྲེལ་གཱ་སྔར་ལས་ཁྱབ་རྒྱུར་སྐུལ་འདེད་ཐུབ་པ་མ་ཟད། ད་དུང་ཐོན་ལས་ཕྱོགས་ཁག་སྔར་ལས་ལེགས་པའི་ངང“ཞིང་གསུམ”ཞབས་ཞུའི་སྟེགས་བུར་ཞུགས་ནས་རྒྱལ་ནང་གི་ཞིང་འབྲེལ་དངུལ་རྩའི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུར་དཔེ་སྟོན་བྱས་ཡོད་པ་རེད། “དེ་སྔོན་དངུལ་ཁང་དེ་རང་གི་གཱ་དངུལ་ཁང་གཞན་དག་ཏུ་ཞིང་སྐྱོར་དངུལ་ལེན་སར་བེད་སྤྱོད་བྱ་ཐབས་མེད། ད་ཆ་ཞིང་པ་གྲོགས་པོ་ཚོས་དངུལ་ཁང་གང་རུང་གི་གཱ་ཁྱེར་ནས་དངུལ་ལེན་ཆོག་པས། གྲོང་ཚོ་ནས་ཐོན་མི་དགོས་པར་ཞིང་སྐྱོར་ཐོགས་མེད་ལམ་བུའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད། ཚོང་ལས་དངུལ་ཁང་དང་ཕྱོགས་གསུམ་པའི་དངུལ་སྤྲོད་སྒྲིག་གཞིའི་ངོས་ནས་བརྗོད་ཚེ། དངུལ་ཁང་གཱ་བདག་སྤྲོད་བྱེད་པའི་ཁྱབ་ཁོངས་དང་གྲངས་འབོར་གང་མགྱོགས་རྒྱ་ཆེར་བཏང་ནས་དངུལ་སྤྱོད་ཚད་མཐོ་རུ་ཕྱིན་པ་དང་དུས་མཚུངས། ཞིང་འབྲེལ་ཞབས་ཞུའི་ནང་དོན་དང་སྤྱོད་མཁན་མང་དུ་ཕྱིན་ཡོད་པ་དང་། ལྷག་དོན་དུ་ཕྱོགས་གསུམ་པའི་དངུལ་སྤྲོད་སྒྲིག་གཞིའི་ངོས་ནས་བརྗོད་ཚེ་དེའི་ལས་སྒོ་དེ་བས་རྒྱ་ཆེ་བའི་གྲོང་གསེབ་ས་ཁུལ་དུ་ཁྱབ་ནས་ཞིང་འབྲེལ་ཞབས་ཞུའི་མ་གནས་དམའ་རུ་ཕྱིན་ཡོད”ཅེས་ཧུའུ་ལེ་ཧྥེས་དབྱེ་ཞིབ་བྱས་ནས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070