སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཟླ་བཅུ་པ་ནས་བཟུང་ལས་གཉེར་ལག་ཁྱེར་གྱིས་རིམ་བཞིན་ཁྲལ་དོན་ཐོ་འགོད་ལག་ཁྱེར་གྱི་ཚབ་བྱ་རྒྱུ།
སྤེལ་དུས། 2015-09-21   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  རྟ་མགྲིན།
   ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《“ལག་ཁྱེར་གསུམ་གཅིག་ཏུ་བསྡུ་བའི”ཐོ་འགོད་ལམ་ལུགས་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པའི་ནང་། འདི་ལོའི་ཟླ་10ཚེས་1ཉིན་ནས་བཟུང་། གསར་དུ་བཙུགས་པའི་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཁྲིམས་མི་དང་རྩ་འཛུགས་གཞན་དག་གི་སྤྱི་ཚོགས་ཡིད་རྟོན་ཨང་ཚབ་གཅིག་གྱུར་གྱི“ལག་ཁྱེར་གསུམ་གཅིག་ཏུ་བསྡུ་བའི”ལས་གཉེར་ལག་ཁྱེར་བླངས་པའམ་སྣོན་འཇུག་བྱས་རྗེས། ཡང་བསྐྱར་ཁྲལ་དོན་ཐོ་འགོད་བྱེད་མི་དགོས་པའི་ཁར། ཁྲལ་དོན་ཐོ་འགོད་ལག་ཁྱེར་ཡང་ལེན་མི་དགོས། ཁེ་ལས་ཀྱིས་ཁྲལ་འབྲེལ་ལས་དོན་སྒྲུབ་སྐབས། ཁྲལ་དོན་ལས་ཁུངས་ནས་ཆ་འཕྲིན་འཚོལ་བསྡུ་ཁ་གསབ་བྱས་རྗེས་གཅིག་གྱུར་ཨང་ཚབ་སྣོན་འཇུག་བྱེད་པའི་ལས་གཉེར་ལག་ཁྱེར་གྱིས་ཁྲལ་དོན་ཐོ་འགོད་ལག་ཁྱེར་གྱི་ཚབ་བྱ་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད།
   《བརྡ་ཐོའི》ནང་ཁྲོམ་རའི་བྱེད་པ་འཛུགས་པ་དང་། སྒྱུར་བ། ཐོ་སུབ་པ་སོགས་ལྷུ་ཚིགས་ཀྱི་ལས་དོན་བརྒྱུད་རིམ་ཞིབ་ཕྲ་དང་ཚད་ལྡན་དུ་བཏང་ཡོད་དེ། “ལག་ཁྱེར་གསུམ་གཅིག་ཏུ་བསྡུ་བ་དང་ལག་ཁྱེར་གཅིག་ལ་ཨང་ཚབ་གཅིག”གི་ཐོ་འགོད་བྱེད་སྟངས་ལག་བསྟར་བྱས་པའི་ཁེ་ལས་ཀྱིས་བཟོ་ཚོང་ནས“སྐར་ཁུང་གཅིག”གི་ཐོ་འགོད་བྱས་ནས་རེ་ཞུ་བདག་སྤྲོད་བྱས་རྗེས་དེའི་རེ་ཞུ་དཔྱད་ཡིག་དང་ཐོ་འགོད་ཆ་འཕྲིན་སྡེ་ཚན་ཚང་མས་ཐུན་མོང་ཐོག་ལྟ་ཐུབ་ཅིང་། སྡེ་ཚན་ཁག་གིས་གྲངས་གཞི་བརྗེ་རེས་དང་ཡིག་ཚགས་ངོས་འཛིན་བྱེད་རེས་ཀྱང་བྱེད་ཐུབ། བཟོ་ཚོང་ཐོ་འགོད་ཀྱིས་འཚོལ་བསྡུ་བྱས་ཟིན་པའི་ཆ་འཕྲིན་ཡིན་ན། ཁྲལ་དོན་ལས་ཁུངས་ཀྱིས་ཡང་བསྐྱར་འཚོལ་བསྡུ་མི་བྱེད་པ་དང་། ཁྲལ་འབྲེལ་རྨང་གཞིའི་ཆ་འཕྲིན་གཞན་དག་ཡིན་ན། ཁེ་ལས་ཀྱིས་འབྲེལ་ཡོད་ཁྲལ་འབྲེལ་ལས་དོན་བསྒྲུབས་རྗེས་དུས་ཐོག་ཏུ་འཚོལ་བསྡུ་བྱས་ནས་རིམ་བཞིན་ཆ་ཚང་དུ་བཏང་ཆོག འགྱུར་ལྡོག་བྱུང་རིགས་ཡིན་ན་ཁེ་ལས་ཀྱིས་ཐད་ཀར་ཁྲལ་དོན་ལས་ཁུངས་ལ་བསྒྱུར་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་རྗེས། ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་དོན་ཁོངས་གཏོགས་ཀྱི་ཁེ་ལས་ཆ་འཕྲིན་དུས་ཐོག་ཏུ་གསར་སྒྱུར་བྱ་ཆོག
   གཏན་འབེབས་ལྟར་ན། ཁེ་ལས་ཀྱིས་ཐོ་ཁོངས་ནས་སུབ་སྐབས་རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་གང་རུང་གི་ཁྲལ་དོན་གཙོ་གཉེར་ལས་ཁུངས་ལ་ཁྲལ་དངུལ་གཙང་འཇལ་གྱི་ཡིག་ཐོག་སྙན་ཞུ་ཕུལ་རྗེས། རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་གྱི་ཁྲལ་དོན་གཙོ་གཉེར་ལས་ཁུངས་ཀྱིས་སོ་སོའི་འགན་འཁྲི་ལྟར་ཁྲལ་འཇལ་མཁན་གྱི་ཁྲལ་དངུལ་གཙང་འཇལ་ཡིག་ཐོག་སྙན་ཞུ་རིགས་དབྱེ་ཐག་གཅོད་བྱས་ནས། ཉེན་ཁའི་རིམ་པ་དམའ་རིགས་ལ་འཕྲལ་དུ་ཁྲལ་དངུལ་གཙང་འཇལ་འགྲོ་ལུགས་གཉེར་རྒྱུ་དང་། དོགས་གནད་ཡོད་རིགས་ལ་ཁེ་ལས་ཀྱིས་ཁྲལ་དོན་མཚམས་སྦྱོར་ཞབས་ཞུ་སྒྲིག་གཞིས་བཏོན་པའི་དབྱེ་གསལ་ར་སྤྲོད་སྙན་ཞུ་མཁོ་འདོན་བྱ་ཆོག གལ་སྲིད་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་ཁྲལ་སྐུང་དང་། ཁྲལ་གཡོལ། ཁྲལ་བསླུ། ཁྲལ་རྒོལ་བཅས་དང་ཚོང་འཛིན་རྫུས་མ་བྲིས་པའི་དོགས་གཞི་ཡོད་རིགས་དང་། ཡང་ན་ཁྲལ་འཇལ་ལེགས་སྒྲིག་སོགས་བྱེད་དགོས་རིགས་ལ་སྒྲུབ་གཉེར་དུས་བཀག་རང་བཞིན་གྱིས་མཚམས་འཇོག་རྒྱུ། ཁྲལ་དངུལ་གཙང་འཇལ་བྱས་རྗེས་ཐེར་འདོན་སོགས་ཀྱི་ཁུངས་སྣེ་བརྒྱུད། ཁྲལ་དངུལ་ཆ་ཚང་མ་འཇལ་བ་སོགས་ཤེས་རྟོགས་བྱུང་རིགས་ལ་ཁྲལ་དོན་ལས་ཁུངས་ཀྱིས་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་ལས་ཁུངས་སུ་བསྐུར་ནས“མིང་གཞུང་ནག་པོའི”ནང་བཅུག་སྟེ་དོ་དམ་བྱ་རྒྱུ་ཡིན་པ་རེད།
   བར་བརྒལ་དུས་སྐབས་སུ“ལག་ཁྱེར་གསུམ་གཅིག་ཏུ་བསྡུ་བ་དང་ལག་ཁྱེར་གཅིག་ལ་ཨང་ཚབ་གཅིག”གི་ལས་གཉེར་ལག་ཁྱེར་མ་བརྗེས་པའི་ཁེ་ལས་ཀྱི་དེ་སྔའི་ཁྲལ་དོན་ཐོ་འགོད་ལག་ཁྱེར་སྔར་མུས་བཞིན་ནུས་ལྡན་གོ་ཆོད་ཡིན་ལ། གལ་སྲིད་ཁེ་ལས་ཀྱིས་ཐོ་ཁོངས་ནས་སུབ་པའི་རེ་བ་ཞུས་ན། ཁྲལ་དོན་ལས་ཁུངས་ཀྱིས་དེ་སྔའི་གཏན་འབེབས་ལྟར་སྒྲུབ་གཉེར་བྱ་རྒྱུ་ཡིན་པ་རེད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070