སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མདོ་དབུས་ས་མཐོར་ད་ལོར་སླར་ཡང་དམངས་སྤྱོད་གནམ་ཐང་ཞིག་བསྐྲུན་རྒྱུ་རེད།
སྤེལ་དུས། 2015-09-21   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  རྟ་མགྲིན།
   ཚེས་19ཉིན་གསར་འགོད་པས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་བོད་ས་མཐོར་འདི་ལོ་སླར་ཡང་དམངས་སྤྱོད་གནམ་ཐང་ཞིག་བསྐྲུན་རྒྱུ་རེད།
   ད་ཐེངས་གནམ་གྲུ་ཤར་གཏོང་ཐུབ་ཉེར་ཡོད་པའི་མགོ་ལོག་རྟ་བོ་གནམ་ཐང་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁོངས་སུ་ཡོད་པ་དང་། དེ་ནི་མཚོ་སྔོན་གྱི་དམངས་སྤྱོད་གནམ་ཐང་དྲུག་པ་དེ་རེད། གནམ་ཐང་གནས་ཡུལ་གྱི་ས་བབ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་3500ཡོད་པ་དེ་ནི་མཐོ་གྲང་ས་ཁུལ་ཡི་ཁོངས་སུ་གཏོགས།
   རྟ་བོ་གནམ་ཐང་གི་རྒྱུག་ལམ་ལ་སྨི་3800དང་མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་3000ཡོད། ས་ཚིགས་4ཡི་ས་ངོས་དང་འབྲེལ་གཏུག་ལམ་བུར་ད་དུང་ལེ་ལག་ཚང་བའི་གསོ་རླུང་མཁོ་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། གནམ་ཐང་དེ་ནི་རྒྱལ་ནང་གི་ཡན་ལག་མཁའ་ལམ་གྱི་གནམ་ཐང་ཁོངས་སུ་གཏོགས་པ་དང་། མིག་སྔར་འཆར་འགོད་མཁའ་ལམ་ནི་མགོ་ལོག་ནས་ཟི་ལིང་བར་དང་། མགོ་ལོག་ནས་ལྷ་ས་བར། མགོ་ལོག་ནས་ཁྲེང་ཏུའུ་བར་བཅས་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མགོ་ལོག་གནམ་་ཐང་གི་རྒྱུག་ལམ་དང་། གནམ་གྲུ་བབ་ས། ཞོར་གཏོགས། དེ་བཞིན་ཆུ་འགྲོའི་ལས་གྲྭ་སོགས་ཀྱི་སྒྲོམ་གཞིའི་ལས་གྲྭ་སྤྱིར་ན་ལེགས་གྲུབ་ཟིན་ནས། ལས་གྲྭ་ཧྲིལ་པོ་ཟླ་བཅུ་པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་མ་ཟད། ལོ་འདིའི་ནང་གནམ་གྲུ་འཕུར་སྐྱོད་ཐུབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070