སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རིགས་བུད་མེད་སྨན་པ་དབང་སྒྲོལ་གྱི་བྱམས་སེམས་དང་ཁྱད་འཕགས་ཀྱི་སྨན་དཔྱད།
སྤེལ་དུས། 2015-08-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་མ།

བོད་ལྗོངས་རང་སྐྱོང་ཁུལ་ཀྱི་མངའ་རིས་ནི་འཛམ་གླིང་སྟེང་མི་འབོར་ཁྱབ་ཚད་ཆེས་ཉུང་བའི་ས་ཁུལ་ཞིག་ཡིན་པ་དང་།  སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ ༣༤ ཡིན་པའི་ས་ཁོངས་སུ་མི་གྲངས་ཁྲི་ཚོ་བཅུ་ལ་ཉེ་བ་ཞིག་འཚོ་སྡོད་བྱས་འདུག  གནས་དེའི་མི་དམངས་དང་།  ནང་སྒོས་སུ་རོང་འབྲོག་མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་དགོས་ཚེ།  དེ་ནི་ལྷག་ཏུ་དཀའ་ཚེགས་ཆེ་བ་ཞིག་ཡིན།  འདིར་ང་ཚོས་ས་གནས་དེའི་ཞིང་གྲོང་གི་བུད་མེད་སྨན་པ་དབང་སྒྲོལ་ལ་རྒྱུས་ལོན་ཞིག་བྱེད།

དབང་སྒྲོལ་གྱི་ཕ་ཡུལ་ནི་མངའ་རིས་སྒར་རྫོང་སེང་གེ་ཁ་བབ་གྲོང་རྡལ་ལུང་རྨར་གྲོང་ཚོ་ཡིན།  ལོ ༤༡ གི་ཡར་སྔོན་དུ།  མོ་དམའ་འབྲིང་ནས་སློར་མཐར་ཕྱིན་རྗེས་གནས་དེར་མངགས་ཏེ་སྨན་པའི་ལས་གཉེར།  དེ་དུས་ཀྲུང་གོའི་སློབ་གསོའི་ལམ་ལུགས་ལྷག་པར་དུ་གསོ་རིག་སློབ་གསོ་ཧ་ཅང་ཚད་ལྡན་ཞིག་མིན།  དབང་སྒྲོལ་དང་བཅས་པ་མངའ་རིས་ས་ཁུལ་དུ་མངགས་ནས་གསོ་རིག་སྐོར་གྱི་གསབ་སྦྱོང་ཙམ་བྱས་རྗེས།  ཕ་ཡུལ་དུ་རྐང་རྗེན་སྨན་པར་མངགས།  དེའི་སྐབས་སུ།  ཀྲུང་གོའི་རྐང་རྗེན་སྨན་པ་ནི་གླ་ཕོགས་མེད་པ།  བཟོ་བ་དང་ཞིང་བ་གཉིས་ཀ་ཡིན་པ།  གནས་ངེས་མེད་དུ་སོང་ནས་སྨན་བཅོས་བྱེད་མཁན་དག་ཡིན། 

༡༩༨༠ ལོར།  ལོ ༢༣ ཡིན་པའི་དབང་སྒྲོལ་ལུང་རྨར་སྡེ་བར་མནའ་མར་སོང་།  མོས་གསོ་རིག་ཤེས་བྱ་ཉུང་ཙམ་སྦྱངས་མྱོང་བས།  སྡེ་བ་དེའི་རྐང་རྗེན་སྨན་པར་གྱུར་ལ།  སྡེ་དམངས་ལ་མགོ་བོ་ན་བ་སོགས་ཀྱི་ནད་རྟགས་བྱུང་ཚེ།  མོའི་ཁྱིམ་དུ་ཐོན་ནས་སྨན་བཅོས་བྱེད་པ་དང་།  ནད་པ་ཚབས་ཆེན་ཡིན་ཚན།  མོ་ནད་པའི་ཁྱིམ་དུ་སོང་ནས་སྨན་བཅོས་བྱེད་དགོས།

དབང་སྒྲོལ་གྱིས་བཤད་རྒྱུར།  ལོ་ངོ ༣༠ རིང་སྨན་བཅོས་བྱས་མཐར།  མོ་ལ་བག་ཆགས་ཟབ་མོ་དང་ལྡན་པའི་དོན་དག་ནི།  ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ་གྲོང་ཚོའི་བྱིས་པ་ཞིག་ལ་འཚིག་རྨས་བྱུང་ནས།  མོ་ཆུ་བོ་ཞིག་བརྒལ་ཏེ་སྨན་བཅོས་བྱེད་པར་འགྲོ་དགོས་པ་དང་།  ཡང་ཐེངས་ཤིག་ལ།  ནད་པར་མྱུར་སྐྱོབ་བྱེད་སྐབས་ཁྲག་བླུག་དགོས་པས།  མོས་རང་གི་ཁྲག་བླུག་ནས་ནད་པའི་སྲོག་བསྐྱབས།  མང་ཚོགས་ཀྱིས་དབང་སྒྲོལ་ནི་སྨན་དཔྱད་ཁྱད་དུ་འཕགས་པ་དང་།  གཤིས་སྤྱོད་བཟང་བའི་སྨན་པ་ཡ་རབས་ཤིག་རེད་ཅེས་བསྟོད་པ་ཚད་མེད་བྱེད་བཞིན་འདུག  བྱམས་པ་གཡང་སྒྲོལ་གྱིས་བཤད་རྒྱུར།  ང་རང་གཞོན་པའི་དུས་སུ་རྟག་པར་མངལ་ཤོར་ལ།  ལོ་ཞིག་ལ་ཟླ་འགར་མངལ་ཆགས་ནས་བྱིས་པ་སྐྱེ་རྒྱུར་གྲ་སྒྲིག་བྱས་ཡོད་མོད།  ཡིན་ཡང་སྔར་བཞིན་མངལ་ཤོར་སོང་།  ང་ཚོའི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་ལ།  ཟས་ལ་བཅུད་མི་འདང་།  མཐར་སྨན་པ་དབང་སྒྲོལ་གྱིས་ཞིབ་ཚགས་སྒོས་བདག་སྐྱོང་གང་ལེགས་བྱས་པས།  ང་ལ་བདེ་ལེགས་ངང་མངལ་ཆགས་པ་དང་།  ད་ལྟ་བྱིས་པ་གཉིས་ཡོད་ཟེར། 

དོན་དངོས་སུ།  གྲོང་ཚོའི་སྨན་བཅོས་ཀྱི་ཆ་རྐྱེན་ནི་ཧ་ཅང་ཞན་ལ།  སྤྱིར་བཏང་གི་སྨན་རིགས་ལས་མེད།  གྲོང་ཚོའི་ནང་དུ་ནད་རིགས་ཚབས་ཆེན་དང་ཡང་ན་འགོས་ནད་བྱུང་ཚེ།  མོས་དུས་ཐོག་ཏུ་གོང་རིམ་གྱི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་ཏུ་ཡར་ཞུ་བྱེད་དགོས།  ཆ་རྐྱེན་དེ་འདྲའི་འོག  དབང་སྒྲོལ་གྱིས་རང་གིས་ལོ་ངོ ༤༢ རིང་སྨན་བཅོས་བྱས་པའི་ཉམས་མྱོང་ལ་བརྟེན་ནས་སྡེ་དམངས་ལ་ནད་བརྟག་སྨན་བཅོས་ཐད་ཀྱི་བསམ་འཆར་འདོན་པ་དང་སྤྱིར་བཏང་གི་སྨན་རིགས་མཁོ་སྤྲོད་བྱས།  མོས་བཤད་རྒྱུར།  ང་ཚོས་མཁོ་སྤྲོད་བྱས་པའི་སྨན་རིགས་ནི་སྲིད་གཞུང་གིས་བགོས་པ་རེད།  དཔེར་ན།  ང་ཚོས་སྡེ་བར་དུད་ཁྱིམ ༡༠༥ དང་།  བསྡོམས་པས་མི ༣༦༧ ཡོད་ལ།  མི་རེ་རེར་སྒོར ༢༠༠ ལྷག་གི་སྨན་ཡོན་གྱི་ཁ་གསབ་ཡོད།  ནད་པ་རེ་རེར་སྨན་བཅོས་བྱས་ཚུལ་ཐོ་འགོད་བྱས་ཡོད་པ་དང་།  ལོ་མཇུག་ལ་ཐོན་དུས།  གལ་ཏེ་ཁ་གསབ་ལས་བརྒལ་ན།  རང་གིས་སྨན་ཡོན་སྟེར་དགོས།  དཔེར་ན་སྡེ་མི་ཞིག་ལ་སྨན་དགོས་ཚེ།  ངས་རིན་ག་ཚོད་ཡིན་པ་བྲིས་ཏེ་མིང་རྟགས་བཀོད་རྗེས།  ལོ་མཇུག་ལ་སྡོམ་རྩིས་རྒྱག་དགོས་ཟེར།

དབང་སྒྲོལ་གྱི་ལག་ཏུ་ཐོ་འགོད་ཟིན་བྲིས་འགའ་ཡོད་ལ།  བོད་ཡིག་གིས་སྡེ་མི་རེ་རེའི་མིང་དང་།  སྨན་ཉོས་ཚུལ་གསལ་བོར་བྲིས་ཡོད་པ་མ་ཟད།  རེ་རེའི་སྟེང་མོས་མིང་རྟགས་འགོད་དགོས།  གལ་ཏེ་གྲོང་ཚོའི་ནང་དུ་འགོས་ནད་རང་བཞིན་གྱི་ནད་རིགས་བྱུང་ཚེ།  མོས་དུས་ཚོད ༢ ནང་ཞང་རིམ་པར་ཡར་ཞུ་བྱེད་དགོས་པ་དང་།  དུས་ཚོད ༤ ནང་རྫོང་རིམ་པར་ཡར་ཞུ་བྱེད་དགོས།  འགོས་ནད་དང་ནད་རིགས་ཚབས་ཆེན་དཔེར་ན།  བྱི་ནད་དང་།  ཁ་ཚ་རྨིག་ཚ་ལྟ་བུ་བྱུང་ཚེ།  ངེས་པར་དུ་དུས་ཚོད་གཅིག་ནང་ཡར་ཞུ་བྱེད་དགོས།  སྔོན་ཆད་མོས་ཁྱིམ་མཚེས་སྡེ་བར་བྱི་ནད་ལྟ་བུའི་རིམས་ནད་བྱུང་བ་ཤེས་རྟོགས་བྱུང་རྗེས།  མྱུར་བར་གོང་རིམ་སྡེ་ཁག་ལ་ཆེད་མཁས་པ་མངག་ཏེ་བརྟག་དཔྱད་བྱེད་དགོས་པའི་རེ་ཞུ་བྱས་ལ།  ནད་བབ་གསར་བ་ཡོད་ཚེ་དེ་ལས་རིང་དུ་གྱེར་དགོས་པར་བཤད།  མོས་ད་དུང་བཤད་རྒྱུར།  སྨན་བཅོས་ཀྱི་ཆ་རྐྱེན་ལ་ཚད་བཀག་ངེས་ཅན་ཡོད་པས།  ངས་རྟག་པར་ཉམས་མྱོང་ལ་བརྟེན་ནས་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད།  སྲིད་གཞུང་གིས་ཀྱང་པེ་ཅིང་ནས་སྨན་པ་གདན་འདྲེན་བྱས་ཏེ་ང་ཚོར་འབྲེལ་ཡོད་ཀྱི་གསོ་རིག་ཤེས་བྱ་གསབ་ཁྲིད་བྱས།  གྲོང་ཚོའི་དུད་ཁྱིམ་སོ་སོ་ནི་ཁ་ཐོར་དུ་ཆགས་ཡོད་པས།  སྡེ་བར་ང་ལྟ་བུའི་སྨན་པ ༤ ཡོད།  ང་ལོ ༥༧ དང་།  ད་དུང་ལོ ༧༠ ཅན་ཞིག་ཡོད།  གཞན་གཉིས་ནི་ལོ་ན་གཞོན་པ་གཉིས་ཡིན་ལ།  གཅིག་ནི་ལོ ༢༢ དང་།  གཞན་ཞིག་ནི་ལོ ༣༣ རེད།  ཁོ་གཉིས་ཀྱིས་མཐོ་འབྲིང་ལ་ཡིག་ཚད་མ་ལོན་པས།  སྡེ་དམངས་ཀྱི་འདེམ་བསྐོ་བརྒྱུད།  མངའ་རིས་ས་ཁུལ་དུ་གསབ་སྦྱོང་བྱས་ལ།  དེ་ནས་སྡེ་བའི་སྨན་བཅོས་ཁང་དུ་ལས་གཉེར་བྱས་པ་རེད།

གྲོང་ཚོའི་སྨན་པ་ཞིག་ཡིན་པའི་ཆ་ནས།  དབང་སྒྲོལ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་རྐང་རྗེན་སྨན་པ་དང་འདྲ་བར།  མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱས་ནས་རོགས་རམ་གང་མང་བྱས་པ་དང་།  ཟླ་རེ་རེར་སྲིད་གཞུང་ལས་སྒོར ༡༠༠༠ གི་ཕོགས་སྣོན་བླངས་ཆོག  མོས་ཀྱང་དུས་ཚོད་གང་མང་སྤྱད་ནས་ཁྱིམ་སྐྱོང་དགོས་ལ།   ཁྱིམ་དུ་ཞིང་ས་ཡོད་པ་དང་།  ལུག ༡༢༠ འབྲི་གཡག ༡༨ བཅས་ཡོད།  མོས་ད་དུང་ཞང་གི་རྩམ་པ་བཟོ་གྲྭའི་ལས་སྣ་ཚོགས་ཀྱང་བསྒྲུབ་དགོས།  དེ་བས།  མོ་རྟག་པར་སྔ་དྲོའི་དུས་ཚོད ༦ སྟེང་མལ་ལས་ལངས་ཏེ།  བྲེལ་འཚུབ་ཆེ་བའི་ཉིན་གཅིག་སྐྱེལ་དགོས།

ཡོང་འབབ་དམའ་བ་དང་།  ཆ་རྐྱེན་ཞན་པ་ནི་ལུང་རྨར་གྲོང་ཚོ་སོགས་མངའ་རིས་ཀྱི་ཞིང་གྲོང་ཐམས་ཅད་ཀྱིས་ཕྱི་ཕྱོགས་ནས་ཆེད་མཁས་སྨན་པ་གདན་འདྲེན་ཞུ་མི་ཐུབ་པའི་རྒྱུ་མཚན་ཡིན།  ས་དེའི་མང་ཚོགས་ཀྱིས་རང་གི་ས་གནས་སུ་གསོ་རིག་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡོད་པའི་ཚད་ལྡན་གྱི་སྨན་བཅོས་ཁང་ཞིག་འཛུགས་སྐྲུན་བྱེད་པར་རེ་བ་ཆེན་མོ་བཅངས་ཡོད་པ་དང་།  སྲིད་གཞུང་གིས་ལུང་རྨར་གྲོང་ཚོར་མངགས་པའི་ལས་བྱེད་མི་སྣ་བློ་བཟང་གིས་ཀྱང་དེའི་ཕྱོགས་ཀྱི་བྱ་བ་གཙིགས་འཛིན་བྱེད་དགོས་པར་བཤད་ལ།  ༢༠༡༢ ནས་བཟུང་།  བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་སྔ་གཞུག་ཏུ་བསྡོམས་པས་མ་དངུལ་ཁྲི་ཚོ ༢༠ ལྷག་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏེགས།  སྡེ་བས་མིག་སྔར་ལས་གཞི་འགར་ཞིབ་འཇུག་བྱེད་བཞིན་ཡོད་པ་དཔེར་ན།  བཞོན་མ་གསོ་སྤེལ་དང་།  འགྲོ་ལམ་བཟོ་བ་ལྟ་བུ།  ཡིན་ཡང་སྨན་བཅོས་ཀྱི་ཆ་རྐྱེན་ནི་དངོས་གནས་མི་འདང་བ་ཞིག་ཡིན་ལ།  གཅིག་ནས་བྱ་བ་ཡོངས་ཀྱི་ཆེས་གཙོ་ཤས་དེ་མིན་པས་དང་།  གཉིས་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་རབ་དང་རིམ་པ་ཧ་ཅང་ཉག་ཉོག་ཡིན་པས་རེད་ཅེས་བཤད།  (སྲིད་གཞུང་གིས་སྡེ་བ་རིམ་པར་དམིགས་པ)ད་ལྟ་སྨན་བཅོས་འཕྲོད་བསྟེན་ཚད་གཞི་གཏན་ཁེལ་བྱས་ཡོད་ལ།  ལུང་རྨར་སྡེ་བའི་སྨན་བཅོས་ཁང་ད་ལོར་འཛུགས་སྐྲུན་བྱས་པ་དང་།  ནང་ལོགས་ས་ཁུལ་ནས་སྒྲིག་ཆས་ཉོས་ཡོད།

སྡེ་བའི་སྨན་བཅོས་ཀྱི་ཆ་རྐྱེན་ཐད།  ལུང་རྨར་གྲོང་ཚོའི་འགན་ལེན་མི་སྣ་འཇའ་འཕེལ་ཚེ་རིང་གིས་བཤད་རྒྱུར།  ཉེ་བའི་ལོ་འགའི་རིང་ལུང་རྨར་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་།  སྔོན་ཆད་སྒར་རྫོང་གི་སྨན་བཅོས་སྒྲིག་ཆས་ཞན་པ་དང་།  ད་ལྟ་མི་སྣ་དང་ཡང་ན་སྨན་བཅོས་ཀྱི་ཆ་རྐྱེན་བཅས་ཕྱོགས་གང་ཐད་ནས་བཤད་ནའང་ཐམས་ཅད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  གཞན་ད་དུང་ལོ་རེར་སྡེ་བ་ནས་སྨན་བཅོས་ཐད་ཀྱི་གསབ་སྦྱོང་སྤེལ་ཏེ།  སྨན་བཅོས་མི་སྣའི་ནུས་པ་མཐོ་རུ་བཏེགས་ཡོད་པས།  སྔོན་ཆད་མི་ལ་ན་ཚ་བྱུང་ན་ས་ཁུལ་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་མོད།  ད་ལྟ་གཤགས་བཅོས་མ་གཏོགས་གྲོང་ཚོ་ནས་སྨན་བཅོས་བྱས་ཆོག་ལ། ཞང་ཐོག་ནས་སྨན་རིགས་བླངས་ཏེ་གྲོང་ཚོའི་མི་རྣམས་ལ་སྨན་བཅོས་བྱས་ཆོག  གཞན་གྲོང་ཚོས་རྟག་པར་སྨན་བཅོས་མི་སྣར་ཤེས་བྱ་གསར་བ་མང་པོ་སྦྱངས་དགོས་པར་སྐུལ་དགོས།

བཅར་འདྲི་མཇུག་རྫོགས་རྗེས།  ང་ཚོས་དབང་སྒྲོལ་ལ་ཁྱོད་ནི་ཞིང་འབྲོག་མང་ཚོགས་དང་སྨན་པ་གང་ཡིན་ཞེས་དྲིས་པར།  མོས་ཁྱིམ་གྱི་དཔང་ཡིག་དང་བྱ་དགའ་མང་པོ་བསྟན་ཏེ་བློ་རྩ་བརྟན་པོས་ངང་།  ང་ནི་སྨན་པ་ཞིག་ཡིན་ཟེར།  མོར་མཚོན་ན་དཔང་ཡིག་དང་བྱ་དགའ་དེ་དག་ནི་མོས་ལོ་ངོ ༤༠ རིང་ནད་བརྟག་སྨན་བཅོས་བྱས་པའི་བྱམས་སེམས་དང་ཁྱད་འཕགས་ཀྱི་སྨན་དཔྱད་མཚོད་བྱེད་རེད།

(རྩོམ་འགན་པ། བསྟན་འཛིན།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070