སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་ལྷ་སར་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་སྐོར་ལ་རྟོག་ཞིབ་གནང་བ།
སྤེལ་དུས། 2017-04-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིག་རྡོར་གྱིས་བསྒྱུར།
དུས་བབ་གསར་པའི་འོག་གི་འཕྲོད་བསྟེན་དང་བདེ་ཐང་གི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་བདེ་ཐང་བོད་ལྗོངས་གཏོད་ཆེད་མི་དམངས་ཀྱི་བདེ་རྩ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ།

          ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། ལྷ་ས་ཅང་སུའུ་སློབ་འབྲིང་། རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭ དམངས་ཡོངས་ལུས་སྦྱོང་ལུས་རྩལ་རྒྱན་ཤོག་སྤྱི་གླིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་སུ་སྔ་རྗེས་སུ་ཕེབས་ཏེ་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་སྐོར་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ལྷ་ས་ཅང་སུའུ་སློབ་འབྲིང་དུ་བདེ་ཐང་སློབ་གསོ་དང་ལུས་རྩལ་སློབ་ཁྲིད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།
          ཟླ་4ཚེས་18ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། ལྷ་ས་ཅང་སུའུ་སློབ་འབྲིང་། རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭ དམངས་ཡོངས་ལུས་སྦྱོང་ལུས་རྩལ་རྒྱན་ཤོག་སྤྱི་གླིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་སུ་སྔ་རྗེས་སུ་ཕེབས་ཏེ་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་སྐོར་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དུས་བབ་གསར་པའི་འོག་གི་འཕྲོད་བསྟེན་དང་བདེ་ཐང་གི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། གཞི་རྩའི་སྨན་བཅོས་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།
          བདེ་ཐང་གི་བོད་ལྗོངས་གང་མགྱོགས་སྐྲུན་པ་བཅས་བྱས་ནས་མི་དམངས་ཀྱི་བདེ་རྩ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་དབང་འདུས་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། བདེ་སྐྱིད། ཧྥང་ལིང་མིན་བཅས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
          རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཝུའུ་དབྱིང་ཅེས་ལྟ་སྐོར་གནང་ཞོར་དུ་སྨན་ཁང་འཛུགས་སྐྲུན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཆེད་སྦྱོང་ཚན་ཁག་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྨན་རྩིས་ཁང་གི་མིག་ནད་ཚན་ཁག་ལྟེ་གནས་ཀྱི་སྒྲིག་ཆས་སྔོན་ཐོན་དང་ལག་རྩལ་ཡག་པོ་ཡོད་ཅིང་། ན་ནིང་སྐྱ་གྲིབ་དང་སྔོ་གྲིབ་སོགས་ཀྱི་གཤགས་བཅོས་ཁྱོན་ཐེངས་3000ལྷག་ཙམ་བྱས་པར་གཤགས་བཅོས་ལེགས་གྲུབ་ཐུབ་ཚད་100%ཟིན་པ་མཁྱེན་རྗེས་ཐུགས་ཧ་ཅང་མཉེས་པོ་བྱུང་ཡོད། ཁོང་གིས་བོད་དུ་མཐོ་གྲང་གསོ་རླུང་དཀོན་ལ་ཆ་རྐྱེན་དཀའ་ཚེགས་ཆེ་བས་མིག་ནད་ཐོན་མང་དུ་འགྲོ་བཞིན་ཡོད། སྨན་བཅོས་བོད་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲགས་ཅན་རིགས་གཅིག་མཁས་ཅན་གདན་དྲངས་བ་དང་ཡུལ་འདི་གའི་ཤེས་ལྡན་མི་སྣ་ཕྱིར་བསྐྱོད་དེ་སྨན་བཅོས་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ནད་པ་དེ་བས་མང་བའི་ན་ཚ་བཅོས་ཏེ་འོད་ཟེར་ཞིག་སྦྱིན་ཐུབ་པ་བྱེད་དགོས། བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་མཐའ་འཁྱོངས་བྱེད་པར། གཅིག་ནས་བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས་དང་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་རྒྱུན་ནད་བཅོས་བྱེད་སྟངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། གཉིས་ནས་སྒྱུར་བཅོས་གསར་གཏོད་དང་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བོད་ལྗོངས་གསོ་རིག་སློབ་གླིང་སོགས་གསོ་རིག་སློབ་གླིང་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཉམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་ཞེས་གསུངས། གཏར་ཁ་རྒྱག་ཐབས་ཀྱིས་ཕྲ་ཕུང་དམར་པོ་འཕེལ་བའི་ནད་དང་། ཁྲག་ཤེད་མཐོ་བ། གྲུམ་ནད་སོགས་ལ་དམིགས་བསལ་གྱི་ཕན་འབྲས་ཆེན་པོ་ཡོད། ཝུའུ་དབྱིང་ཅེས་སྨན་པ་དང་ནད་པའི་དབར་བྱམས་བརྩེའི་བཀའ་མོལ་གནང་ནས་གསོ་རིག་གི་གནས་ལུགས་དང་སྨན་བཅོས་ཀྱི་ནུས་པའི་ཐད་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་རེད། ཁོང་གིས་སྨན་པ་ཁག་གིས་ལུས་ཚུགས་ཐུབ་པ་དང་སེམས་ལྷོད་ལ་བབས་ནས་ཚན་ཞིབ་ཀྱི་འགག་སྒོ་ལས་སྒྲོལ་བར་ཤུགས་སྣོན་བརྒྱབ་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་དར་རྒྱས་གོང་འཕེལ་གཏོང་གང་ཐུབ་བྱེད་དགོས་པ་དང་། སྨན་དང་སྨན་རྫས་འཕྲོད་བསྟེན་སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྨན་ཁང་གི་དོ་དམ་ནན་དུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་བདེ་སྐྱིད་ཁམས་བདེ་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
          ཝུའུ་དབྱིང་ཅེས་ལྷ་ས་ཅང་སུའུ་སློབ་འབྲིང་གིས“ལུས་རྩལ་སྤྱན་སྦིར་བ”དང་། “གུས་སྲོལ་སྤྱན་སྦིར་བ” “མིག་དཔེ་སྤྱན་སྦིར་བ” “ཁོར་ཡུག་སྲུང་སྐྱོང་གི་སྤྱན་སྦིར་བ”སོགས་དཔྱད་འདེམས་བྱ་ཐབས་ལ་ཁས་ལེན་གང་ལེགས་གནང་བ་དང་སློབ་གྲྭས་རྨང་གཞི་དེའི་ཐོག“མཐུན་སྒྲིལ་སྤྱན་སྦིར་བ”དང“ཡ་རབས་སྤྱན་སྦིར་བ”དཔྱད་འདེམས་ལས་དོན་ཡག་པོ་བསྒྲུབས་ཏེ་སློབ་མས་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་བཞི”དང“སྨྲ་བ་གཉིས”བརྟན་པོ་འཆང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་རང་འགུལ་ངང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་གཏན་འགོག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། ལུས་རྩལ་ཐང་དུ་སློབ་གྲོགས་ཁག་གཅིག་ལན་ཆིའུ་སྤོ་ལོ་རྒྱག་པ་དང་། ལ་ལ་རྐང་རྩེད་སྤོ་ལོ་རྒྱག་པ། འགའ་ཤས་ཕིང་ཕང་སྤོ་ལོ་རྒྱག་བཞིན་ཡོད། ལོ་རིམ་བརྒྱད་པའི་སློབ་མ་ཀུན་དགའ་རབ་རྒྱས་སློབ་གྲོགས་དང་མཉམ་དུ་ཕིང་ཕང་སྤོ་ལོ་རྒྱག་བཞིན་ཡོད་པ་གཟིགས་སྐབས་ཝུའུ་དབྱིང་ཅེས་དེ་གར་བསྐྱོད་དེ་ཀུན་དགའ་རབ་རྒྱས་ལ་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ད་དུང་སློབ་ཕྲུག་དང་མཉམ་དུ་ཕིང་ཕང་སྤོ་ལོ་བསྐྱོན་པ་རེད། ཝུའུ་དབྱིང་ཅེས་གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་དང་མི་རིགས་ཀྱི་འབྱུང་འགྱུར་རེད། དེས་ན་ཕྲུ་གུ་ནས་དམ་འཛིན་མཐའ་འཁྱོངས་དང་། ལོ་ཆུང་བྱིས་པའི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན། བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་མའི་རང་འགུལ་གྱི་ནད་འགོག་འདུ་ཤེས་ཟབ་ཏུ་གཏོང་དགོས། ཚད་གཞི་ཅན་གཙོ་གནད་དུ་བྱེད་པ་དང་། “སློབ་གྲྭ་རེ་ལ་སྤུས་རྟགས་རེ་གཏོད་པའི”ལག་ལེན་ཤུགས་ཆེན་བསྟར་བ། ལུས་རྩལ་གྱི་འགྲོ་གྲོན་དོན་འཁྱོལ་དང་། ལུས་རྩལ་གྱི་སྒྲིག་ཆས་འཛུགས་སྐྲུན། ལུས་རྩལ་གྱི་སློབ་ཁྲིད་ཚོགས་དུས་འགན་ལེན། ལུས་རྩལ་གྱི་བྱེད་སྒོ་བཅས་སྤེལ་ནས་སློབ་མས་ལུས་རྩལ་ལ་དགའ་པོ་བྱེད་པའི་སྤྲོ་སྣང་དང་། ལུས་རྩལ་གྱི་རྨང་གཞི་བརྟན་པོ། ལུས་རྩལ་གྱི་གོམས་གཤིས་བཟང་པོ་བཅས་འཇགས་པར་བྱས་ནས་སྤྱོད་ཤེས་ལུས་མཛེས་བཞི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དགེ་རྒན་གྱི་དཔུང་ཁག་ཆེད་ལས་ཅན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་ཆེད་ལས་ལུས་རྩལ་ལས་རིགས་ནས་ཕྱིར་འཐེན་བྱས་པའི་ལུས་རྩལ་པ་སོགས་ཆེད་ལས་ཤེས་ལྡན་མི་སྣ་སློབ་གྲྭར་སློབ་ཁྲིད་བྱེད་པར་གདན་ཞུ་བྱས་ནས་ལུས་རྩལ་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་བཏང་སྟེ་ལུས་རྩལ་སློབ་ཚན་སྔར་བས་ལེགས་པ་འཁྲིད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་ཞེས་གསུངས།
          རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་སློབ་མ་ཚོས་མཆོང་རྒྱུག་འཕེན་གསུམ་དང་མདའ་འཕེན་པ་སོགས་སྦྱོང་བརྡར་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེས་ཕེབས་མཚམས་བཞག་ནས་རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་གཏོང་བར་གཙོ་བོ་ཤེས་ལྡན་མི་སྣ་འདེམས་པར་ཐུག་ཡོད། དེས་ན་དེང་རབས་ཚན་རིག་ལག་རྩལ་ལ་བརྟེན་ནས་ཤེས་ལྡན་མི་སྣ་ཚན་རིག་དང་མཐུན་པའི་ངང་འདེམས་པ་དང་སྐྱེད་སྲིང་བྱེད་པ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྦྱོང་བརྡར་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ས་མཐོའི་རིགས་ཀྱི་སྲོལ་རྒྱུན་ལེགས་ཆའི་རྣམ་གྲངས་ཁག་གཅིག་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་གཏོང་བ་དང་ས་མཐོའི་ཕུལ་བྱུང་ལུས་རྩལ་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཏེ་མང་ཚོགས་སྣེ་ཁྲིད་ཀྱིས་ལུས་རྩལ་འཕེལ་རྒྱས་བཏང་ནས་རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་གཤོག་ཟུང་མཉམ་རྒྱས་དང་ཆར་པ་ཆུ་གྲོགས་ཡོང་བ་བྱེད་དགོས་ཞེས་གསུངས།
          དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་རྒྱན་ཤོག་སྤྱི་གླིང་གི་ཕིང་ཕང་སྤོ་ལོ་རྒྱག་ཁང་དུ་བོད་ལྗོངས་ཕིང་ཕང་སྤོ་ལོ་མཐུན་ཚོགས་ཀྱི་ཚོགས་མི་ཚོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུར་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེས་ཁོང་ཚོའི་དཀྱིལ་དུ་ཕེབས་ནས་དམངས་ཡོངས་ལུས་སྦྱོང་གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་ཚང་མར་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་དགའ་ཉེ་སྤུན་མཆེད་དང་གྲོགས་པོ་སྐུལ་སློང་གིས་དམངས་ཡོངས་ལུས་སྦྱོང་གི་བྱེད་སྒོར་ཧུར་ཐག་ཞུགས་ནས་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་དམངས་ཡོངས་ལུས་སྦྱོང་ནི་མི་དམངས་ཚང་མས་ལུས་སྟོབས་ཆེ་རུ་དང་བདེ་ཐང་ངང་འཚོ་བ་སྐྱེལ་བའི་རྨང་གཞི་དང་འགན་ལེན་ཞིག་དང་མི་ཚང་མ་འཚར་ལོངས་དང་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ད་ཡོད་ཀྱི་ལུས་རྩལ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་ལུས་རྩལ་སྒྲིག་ཆས་ཡུལ་བབ་དང་བསྟུན་ནས་སྐྲུན་པ་དང་། དམངས་ཡོངས་ལུས་སྦྱོང་ལུས་རྩལ་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། མང་ཚོགས་ཀྱི་ལུས་སྦྱོང་འགྲན་དོན་ལ་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱི་ལུས་སྦྱོང་ལ་མཛུབ་ཁྲིད་བྱེད་པ། མང་ཚོགས་ཀྱི་ལུས་སྦྱོང་གཏམ་རྒྱུད་ཡག་པོ་ཤོད་པ། དམངས་ཡོངས་ལུས་སྦྱོང་ལུས་རྩལ་གྱི་ཚ་རླབས་ཤིག་འཕྱུར་བ་བཅས་བྱས་ཏེ་མི་རྣམས་ལ་ལུས་རྩལ་ལས་བྱུང་བའི་བདེ་ཐང་དང་སྤྲོ་སྣང་ལོངས་སུ་སྤྱོད་གང་ཐུབ་བྱེད་དགོས། ས་མཐོའི་ལུས་རྩལ་གྱིས་མིའི་གཟུགས་པོའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཤུགས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པ་དང་གྲངས་གཞིའི་མཛོད་བསྐྲུན་ནས་ས་མཐོའི་ལུས་རྩལ་གྱི་ཚད་གཞི་དང་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་ཞེས་གསུངས།
          ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་གཙང་ཞིང་གྲལ་སྒྲིག་པ་དང་ནད་པས་བང་བསྒྲིགས་ནས་སྨན་བཅོས་བྱེད་བཞིན་མཆིས། ཝུའུ་དབྱིང་ཅེ་ནད་བརྟག་སྨན་བཅོས་ཁོའོ་ཧྲིར་ཕེབས་ནས་སྨན་བཅོས་སྒྲིག་ཆས་ལ་གཟིགས་ཁར་སྨན་དོན་མི་སྣར་བརྟག་དཔྱད་དང་། སྨན་བཅོས། སྨན་རིན་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གནང་ཞིང་། ཐབས་ལམ་མང་པོར་བརྟེན་ནས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་གནང་བ་རེད། ཁོང་གིས་སྨན་བཅོས་འཕྲོད་བསྟེན་གྱི་གཙོ་གནད་གཤམ་ལ་ཕྱོགས་པ་དང་ཐོན་ཁུངས་གཤམ་ལ་ཕྱོགས་པའི་ཁྲིད་སྟོན་གྱིས་བདེ་ཐང་གི“བདེ་སྲུང་བ”གཏོད་རྒྱུ་ནི་མི་དམངས་མང་ཚོགས་ཀྱིས་ནད་ལྟ་བ་དང་ནད་བཅོས་པའི་དགོས་མཁོ་སྐོང་བའི་རྩ་བཅོས་ཀྱི་ཇུས་གཞི་ཞིག་རེད། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་སྔར་བས་ལེགས་པའི་ངང་འགན་ལེན་བྱེད་པ་དམིགས་ཡུལ་དུ་བྱས་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་ཐོག་མའི་སྨན་བཅོས་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་ཁྱབ་གདལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཅས་བཏང་སྟེ་མི་སེར་ཚོར་སྒོ་རྩ་ནས་ནད་ལྟ་ཐུབ་པ་དང་ནད་ཡག་པོ་ལྟ་ཐུབ་པ་བྱེད་དགོས། ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་གྱིས་ས་མཐོའི་རང་བཞིན་གྱི་ནད་གཞི་སྣ་ཚོགས་སྔོན་འགོག་དང་སྨན་བཅོས་ཧུར་ཐག་བྱེད་དགོས། གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་ནན་ཏན་དང་ཁྱབ་གདལ་བཏང་སྟེ་ཚད་གཞི་མཐོ་པོས་གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡག་པོ་གཉེར་ཏེ་མང་ཚོགས་ཚོར་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་གསུངས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716