སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པེ་ཅིང་གིས་བོད་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་རྣམས་ལ་ལས་གནས་༡༥༢འདོན་སྤྲོད་བྱས།
སྤེལ་དུས། 2014-05-23   ཡོང་ཁུངས། ལྷ་སའི་དགོང་དྲོའི་ཚགས་པར།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།

       ཟླ༥བའི་ཚེས༢༢ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ལམ་པེ་ཅིང་གྲོང་ཁྱེར་གྱི་སློབ་གསོ་ཨུ་ལྷན་སོགས་ཁེ་ལས་དང་བྱ་གཞག་སྡེ་ཚན་༦༤ཡིས་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་རྣམས་ལ་ལས་གནས་༡༥༢འདོན་སྤྲོད་བྱས་པ་རེད།
 རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་པས་ངོ་སྤྲོད་ལྟར་ན། ༢༠༡༤ལོའི་ལས་ཞུགས་བོད་སྐྱོར་ལས་དོན་སྐུལ་སྤེལ་ཏན་ཏིག་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལས་ཞུགས་བོད་སྐྱོར་ལས་དོན་གྱི་བླང་བྱ་རབ་དང་རིམ་པ་དོན་འཁྱོལ་བྱེད་པ།  བོད་སྐྱོར་ཞིང་ཆེན་དང་བོད་སྐྱོར་ཁེ་ལས་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་ལས་ཞུགས་བོད་སྐྱོར་ལས་གནས་དོན་འཁྱོལ་བཅས་བྱ་ཆེད། ཉེ་ལམ་པེ་ཅིང་གྲོང་ཁྱེར་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་དང་། གྲོང་ཁྱེར་སྐྱེད་མོས་ཚལ་ནགས་ལས་ཅུས། པེ་ཅིང་ཤར་ཕྱོགས་ཡུས་ཧོང་ཆུ་འགོག་ལག་རྩལ་མ་རྐང་ཚད་ཡོད་ཀུང་སི་སོགས་ལས་མི་དགོས་པའི་ལས་ཁུངས༦༤་ཡིས་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་རྣམས་ལ་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱི་ལས་གནས་༡༥༢འདོན་སྤྲོད་བྱས་པ་རེད། པེ་ཅིང་དུ་ལས་ཞུགས་འདོད་མོས་ཡོད་པའི་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མས་སྤྱི་ཟླ་༦པའི་ཚེས༡༠ཉིན་གྱི་སྔོན་ལ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གཞུང་ཕྱོགས་དྲ་བར་(www.z.hrss.gov.n)ཐོ་འགོད་བྱས་ཏེ།བོད་རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལྗོངས་ཕྱི་ནས་ལས་ཞུགས་བྱེད་པའི་ཐོ་འགོད་རེའུ་མིག་  ཕབ་ལེན་བྱས་ནས་འབྲེལ་ཡོད་ལས་གནས་ཆ་འཕྲིན་ལ་ཞིབ་གཟིགས་གནང་རྗེས། རང་གི་གནས་ཚུལ་ཡང་དག་རེའུ་མིག་ཏུ་བཀོད་ནས་གློག་རྡུལ་ཡིག་སྒམ་bys0891@163.omལ་བསྐུར་རོགས་གནང་། གལ་ཏེ་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་དང་དེའི་ཁྱིམ་བདག་རྣམས་ཀྱིས་གནས་ཚུལ་གསལ་བོ་རྟོགས་མི་ཐུབ་ཚེ། འབྲེལ་ཞུ་ཞལ་པར་༠༨༩༡--༦༨༤༥༩༡༨དམ་ཡང་ན་༠༨༩༡--༦༨༤༥༨༥༧བརྒྱུད་དེ་རྩད་འབྲི་བྱས་ཆོག 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060