སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལ་སེན་དང་མཇལ་མོལ་གནང་བ།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐྱིད་པོ།

          ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཚེས་༡༩ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལ་སེན་དང་ཐུགས་འཕྲད་གནང་ཡོད་པ་རེད།

          ཞིས་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གཏོང་བའི་མདུན་དུ་གོ་སྐབས་ཆེན་པོ་འཕྲད་ཡོད། ང་རང་ནས་ཙུང་ཐུང་ཐེ་ལང་ཕུ་དང་ཞལ་པར་དང་འཕྲིན་གཏོང་བརྒྱུད་འབྲེལ་གཏུག་བཟང་པོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོ་ཚང་མས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་མཉམ་ལས་ཀྱ་རོགས་པ་ཧ་ཅང་བཟང་པོ་ཞིག་རྦད་དེ་གྱུར་ཆོག་གི་ཡོད། ཕྱོགས་གཉིས་པོས་སྤྱིའི་བགོ་གྲངས་ཆེ་ཤོས་དེ་རྒྱུན་འཁྱོངས་བྱས་པ་ཡིན་ན་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཡང་དག་པའི་ཁ་ཕྱོགས་ཤིག་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཕྱོགས་གཉིས་པོས་ང་རང་དང་ཙུང་ཐུང་ཐེ་ལང་ཕུའི་བར་གཅིག་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་དང་དགོངས་དོན་ལྟར་མཐོ་རིམ་དང་རིམ་པ་ཁག་གི་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་ཧྲིལ་པོའི་བང་རིམ་བཅས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་དང་དོ་དམ་ཚོད་འཛིན་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འགོ་འཛུགས་ས་གསར་པའི་ཐོག་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
          ཞིས་ཅིན་ཕིང་གིས། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ངོས་ནས་བཤད་ན་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པས་ཕྱོགས་གཉིས་པོས་ལོ་རྒྱུས་དང་ཕ་ཚ་བུ་རྒྱུད་ལ་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གཏོང་བའི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་དགོས་ཀྱི་ཡོད་ཅིང་འཐབ་ཇུས་ཐད་ཕན་ཚུལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕན་ཚུལ་གྱི་ཤེས་ཚོར་ཟབ་དུ་གཏོང་དགོས་ཀྱི་ཡོད། ཀྲུང་གོ་དང་ཨ་རིའི་ཐུན་མོང་ཁེ་ཕན་དེ་ཕྱོགས་གལ་ལས་ཆེ་བ་ཡོད་པ་དང་མཉམ་ལས་ནི་ཕྱོགས་གཉིས་པོའི་ཡང་དག་བདམ་ཉག་ཅིག་དེ་ཡིན། རྒྱང་རིང་དང་འཐབ་ཇུས་ཐོག་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་གཉིས་ཕན་གཉིས་རྒྱལ་ཡོང་བ་བྱེད་དགོས་ཀྱི་ཡོད། ས་ཁུལ་གྱི་གལ་ཆེའི་གནད་དོན་ཐད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུག་ཆེ་རུ་གཏོང་དགོས། ཕན་ཚུལ་གྱི་སྲོག་ཤིང་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་ཡུལ་ལ་བརྩི་འཇོག་བྱེད་པ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གནས་བབ་ཧྲིལ་པོ་བརྟན་པོ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་གཉིས་པོའི་མི་དམངས་བར་མཛའ་གྲོགས་འགྲོ་འོང་བྱེད་རྒྱུར་སྐུལ་ལྕག་གཏོང་བ་དང་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་འདུག
          ཏི་ལ་སེན་གྱིས་ཙུང་ཐུང་ཐེ་ལང་ཕུས་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད་པ་དང་ཙུང་ཐུང་ཐེ་ལང་ཕུས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཞལ་པར་ཐོག་ནས་འབྲེལ་བ་གནང་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུགས་འཕྲད་སྔ་ཙམ་བྱེད་རྒྱུ་རེ་སྒུག་བྱེད་ཀྱི་ཡོད་པ་མ་ཟད་གོ་སྐབས་བྱུང་ན་ཀྲུང་གོར་འཚམ་འདྲི་ཞུས་ནས་ཨ་རི་དང་ཀྲུང་གོའི་འབྲེལ་བའི་མི་འོངས་པའི་ལོ་ལྔ་ཅུའི་གོང་འཕེལ་ལ་ཁ་ཕྱོགས་གཏན་ཁེལ་བྱེད་ཀྱི་ཡིན་གསུངས་ཀྱི་འདུག ཨ་རིའི་ཕྱོགས་ནས་གདོང་གཏུག་མི་ཤོར་བ་དང་ཁ་གཏད་དུ་མི་ལངས་པ། ཕན་ཚུལ་བརྩི་འཇོག མཉམ་ལས་གཉིས་རྒྱལ་བཅས་ཀྱི་སྙིང་དོན་ཐོག་ནས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་བ་དང་ཨ་རི་དང་ཀྲུང་གོའི་བར་ཕན་ཚུལ་ཤེས་རྟོགས་བྱེད་རྒྱུ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཨ་རི་དང་ཀྲུང་གོའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་མདུན་དུ་འཕྲད་པའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་འདུག
          ཞིས་ཅིན་ཕིང་གིས་ཏི་ལ་སེན་ནས་ཙུང་ཐུང་ཐེ་ལང་ཕུར་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རྒྱུ་མ་ཟད་ཙུང་ཐུང་ཐེ་ལང་ཕུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་ཡོད་པ་དང་རྒྱལ་དོན་ཨུ་ཡོན་ཡང་ཅེ་ཁྲེ་སོགས་མཇལ་མོལ་ནང་ཞུགས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716