སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཚོགས་འདུ་གཉིས་ཀྱི་དགོངས་དོན་མཐའ་མཚམས་ཁུལ་དུ་ཁྱབ་པ།
སྤེལ་དུས། 2017-03-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།

          ཉིན་ཤས་གོང་སྐྱིད་གྲོང་འགག་སྒོར་བཅའ་སྡོད་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྐྱིད་གྲོང་འགག་སྒོའི་ཞིབ་བཤེར་ས་ཚིགས་ཀྱིས་མི་གཞན་དང་འབྲེལ་འདྲེས་ནུས་པ་ཆེ་ཞིང་བོད་སྐད་ལ་བྱང་ཆ་ལྡན་པའི་དཔོན་དམག་བསྡུས་ནས“ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་ཡན་ལག་རུ་ཁག”བཙུགས་ཏེ། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་འཁྱེར་ནས་སྐྱིད་གྲོང་གྲོང་རྡལ་གྱི་རྟ་དམག་དང་། གནས། ཅང་སོགས་བཅའ་སྡོད་བྱ་ཡུལ་མཐའ་མཚམས་གྲོང་ཚོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་པར་བསྐྱོད་པར་དེ་གའི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་གཉིས་ཀ་ཐོབ་ཡོད། ད་བར་དྲིལ་བསྒྲགས་ཡན་ལག་རུ་ཁག་གིས་མཐའ་མཚམས་ཀྱི་མང་ཚོགས་160ལྷག་ལ་དྲིལ་བསྒྲགས་དཔྱད་ཡིག་350ཙམ་སྤྲད་དེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་འགྲེལ་བཤད་བརྒྱབ་ཅིང་། འདི་ནི་དྲིལ་བསྒྲགས་ཡན་ལག་རུ་ཁག་གི་ཁོངས་མི་ཆོས་སྒྲོན(གཡོན)གྱིས་རྟ་དམག་གྲོང་ཚོའི་ཡུལ་མིར་རྒྱལ་ནང་ཁ་པར་གྱི་ཐག་རིང་འགྲོ་གྲོན་དང་ཡུལ་གཞན་གྱི་འགྲོ་གྲོན་མེད་པ་བཟོ་རྒྱུའི་སྐོར་གྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཆ་འཕྲིན་ལ་འགྲེལ་བཤད་རྒྱག་བཞིན་པ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716