སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་བཅར་འདྲིར་བསྐྱོད་པ།
སྤེལ་དུས། 2017-04-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།

  ཟླ4ཚེས16ཉིན་གྱི་འཕྲིན། བོད་ལྗོངས་ནང་བསྟན་སློབ་གླིང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སྙེ་ཐང་ཤང་དུ་གནས་ཤིང་། དེ་ཉིད་ནི་བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་རིམ་མཐོའི་ཕྱོགས་བསྡུས་སློབ་གླིང་ཨང་དང་པོ་དེ་ཡིན་པ་རེད། སློབ་གླིང་དེར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་ལྔའི་བླ་ཆེན་དང་། སློབ་གཉེར་བ་ལྷན་དུ་འཚོགས་ཡོད་ཅིང་།“བོད་ལྗོངས་ནང་བསྟན་སློབ་གླིང”གི་སྤྱིའི་བཀོད་པ་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དེང་རབས་ཀྱི་སློབ་གྲྭ་དང་། སྲོལ་རྒྱུན་གྱི་ཆོས་གྲྭ་གཉིས་ཟུང་འབྲེལ་བྱེད་པའི་སློབ་གསོའི་ལམ་ལུགས་དང་རྣམ་པར་དཔེ་ལྟ་བྱས་ཏེ། ཐོག་དང་པོར་སྔགས་ཕྱོགས་དང་མདོ་ཕྱོགས། སྤྲུལ་སྐུ་བཅས་སྡེ་ཚན་གསུམ་དུ་བཀར་བའི་ལམ་གསོའི་ལམ་ལུགས་ལག་བསྟར་བྱས་ཡོད།
  སྤྱི་ལོ2011ལོར་བོད་ལྗོངས་ནང་བསྟན་སློབ་གླིང་ཉམས་གསོ་བྱེད་སྐབས། བོད་ལྗོངས་ནང་བསྟན་སློབ་གླིང་དུ“ན་ཆུང་སྤྲུལ་སྐུའི་འཛིན་གྲྭ”འཛུགས་རྒྱུར་གྲོས་མཐུན་བྱུང་ཞིང་། གཅིག་བསྡུས་ཐོག་དགུང་ལོ16མན་གྱི་གསར་དུ་སྐུ་སྐྱེ་བཞེས་པའི་ན་ཆུང་སྤྲུལ་སྐུ་རྣམས་ལ་སྦྱོང་བརྡར་བྱེད་པ་དང་། མིག་སྔར་འཛིན་གྲྭ་དེར་ན་ཆུང་སྤྲུལ་སྐུ6ཡོད་ཅིང་། ཁོང་ཚོས་ནང་བསྟན་གྱི་གཞུང་ལུགས་ཁག་ལ་གསན་སྦྱོང་མཐར་ཕྱིན་པ་བྱེད་པ་དང་དུས་མཚུངས་ཕྱོགས་ཡོངས་ནས་རྒྱུད་རིམ་ལྡན་པའི་ངང་ནས་རྒྱལ་གཅེས་དམངས་གཅེས་ཀྱི་འོས་འགན་སློབ་གསོར་ཉམས་སུ་མྱོང་བཞིན་ཡོད།ནང་བསྟན་སློབ་གླིང་གི་སློབ་མ་ཚོ་ནི་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ནས་ཕེབས་པ་ཡིན་ཞིང་། ནང་བསྟན་གྱི་གཞུང་ལུགས་ཕུད་རིག་གནས་སློབ་ཚན་གཞན་དག་དང་ཁྲིམས་ལུགས་ཀྱི་སློབ་ཚན་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།   
  སློབ་གླིང་གི་སྤྱིའི་འཛུགས་སྐྲུན་བཀོད་པ་ནི་བོད་ལུགས་ཀྱི་རྣམ་པར་གྲུབ་ཅིང་། ཁོར་ཡུག་མཛེས་ལ་ལྟ་སྣང་དོད་པ། དབེན་ཞིང་འཇགས་ལ་ཉམས་དགའ་བའི་གནས་མཆོག་ཅིག་ཡིན་ཞིང་། སློབ་གླིང་གི་དཀྱིལ་དབུས་སུ་དཀྱིལ་འཁོར་གྱི་དབྱིབས་ལས་བྱས་པའི་འདུ་ཁང་ཉིད་བཞེངས་གནང་མཛད་ཡོད།
  
 པར་རིས་ནི་སློབ་ཁྲིད་ཐོག་ཏུ་ནན་ཏན་ངང་ནས་ཟིན་བྲིས་འདེབས་པའི་སློབ་གཉེར་བ་ཡིན་ནོ།  
 པར་རིས་ནི་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཉེར་བ་ཚོས་ཉིན་གཅིག་གི་སློབ་སྦྱོང་གྲུབ་རྗེས་འདུ་ཁང་ནས་ཕྱིར་ཕེབས་པའི་རྣམ་པའོ།།
      
  པར་རིས་ནི་ཀྲུང་གོ་གསར་འགྱུར་དྲྭ་བའི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བའི་སྤྲུལ་སྐུ་ཆུང་ཆུང་ཞིག་ལགས་སོ།།
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716