སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འགན་འཁྲི་དང་ལས་འགན་བརྟན་པོར་ངེས། འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།
སྤེལ་དུས། 2017-03-20   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ལོ་གཅིག་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ལ་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་གཅིག་རིང་རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་པའི་སེམས་ནང་ཏང་དང་མི་དམངས་ཀྱི་མངགས་བཅོལ་ལྕི་པོ་བརྟན་པོར་ངེས་པ་དང་ཕྲག་སྟེང་དུ་འགན་འཁྲི་དང་ལས་འགན་འཁུར་བ། སྨྱུག་རྩེ་ནས་བདེ་སྡུག་གནས་ཚུལ་བྲིས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཧུར་ཐག་ངང་མཚོན་པ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཟིན་ཐོ་འགོད་པ་བཅས་བྱས་ཏེ་སྲིད་ཇུས་དང་བཞེད་ཚུལ་གྱི་བརྒྱུད་སྤེལ་བ་དང་དུས་རབས་འགྱུར་ལྡོག་གི་ཐོ་འགོད་པར་གྱུར་ཡོད།
  ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་གསར་འགྱུར་ལས་དོན་པས་ཏང་ལ་ལྷག་བསམ་རྣམ་དག་དཔག་མེད་བྱེད་པ་དང་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་གཞི་རིམ་དང་། མང་ཚོགས། འཐབ་ཕྱོགས་དང་པོ་བཅས་སུ་བསྐྱོད་དེ་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་འབོར་ཆེན་ཞིག་བྲིས་ཡོད། དེའི་ནང《བོད་རིགས་གུང་ཁྲན་ཏང་ཡོན་ཞིག་གི་ལོ་ལྔ་བཅུ་རིང་གི་དྲན་ཤེས--རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ》ཞེས་པ་དང《ཏང་དང་མི་དམངས་ཀྱིས་ངར་མི་སེར་ལ་ཞབས་འདེགས་ཞུ་བའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ—འདི་ག་ཚགས་པར་གྱི་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ལ་ཆེད་དོན་བཅར་འདྲི་ཞུས་པ》སོགས་རྩོམ་ཡིག་ལ་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་ཐོབ་པ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་སྟེ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་མང་པོས་བརྒྱུད་འགོད་དང་འདོན་སྤེལ་བྱས་པ་རེད།
  རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་མ་འཚོག་གོང་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས《གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོག་རྒྱུར་བསུ་བ་ཞུ》ཞེས་པའི་ཆེད་བསྒྲིགས་ལེ་ཚན་སྔོན་ལ་བཏོན་པ་དང་ཚོགས་འདུར་བསུ་བ་ཞུ་བའི་ཆེད་དོན་རྩོམ་ཡིག་ཁག་11བསྟུད་མར་བཏོན་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པ་ནས་བཟུང་གི་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་བཀོད་ཡོད།
  《མཐའ་སྐྱོང་བོད་བརྟན་གྱི་ལེའུ་གསར་པ་རྩོམ་པ》ཞེས་པ་དང་། 《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དཔའ་ཉམས་ལྡན་པའི་རོལ་དབྱངས་དཀྲོལ་བ》《སྒྱུར་བཅོས་སྒོ་དབྱེའི་བརྗིད་ཆེའི་འཆར་གཞི་འདིང་བ》སོགས་རྩོམ་ཡིག་ལ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོའི་ཁས་ལེན་གང་ལེགས་ཐོབ་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གནས་ཚུལ་འགོད་རིང་གསར་འགོད་པས་བྲིས་པའི་རྩོམ་ཡིག་ཁ་གྲངས་མང་བ་དང་། སྤུས་ཚད་མཐོ་བ། དབང་གྲགས་རང་བཞིན་དང་། གསར་འགྱུར་རང་བཞིན། ཀློག་རིན་ཆེ་བ་བཅས་ཡོད་སྟབས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་འབྲེལ་བ་ཡོད་པའི་གསར་འགྱུར་རྩོམ་ཡིག་དེ་དག་མི་དམངས་དྲ་བ་དང་ཤིན་ཧྭ་དྲ་བ་སོགས་ཀྲུང་དབྱང་གསར་འགྱུར་དྲ་ཚིགས་དང་ཤིན་ལང་དང་སའུ་ཧུའུ་སོགས་གྲགས་ཅན་གཙོ་ཆེའི་དྲ་ཚིགས་ཀྱིས་བརྒྱུད་འགོད་འབོར་ཆེན་བྱས་པར་དྲིལ་བསྒྲགས་ཕན་འབྲས་ཧ་ཅང་ཡག་པོ་ཐོན་པ། ཚོགས་འདུ་གྲོལ་རྗེས་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་མགྱོགས་མྱུར་རིམ་སྤེལ་དཔྱད་གཏམ་དང《ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གསལ་འགྲེལ》དང་། 《ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས》《ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་སྐོར་ལ་ཚང་མས་གླེང་མོལ་བྱེད》ཅེས་པ་སོགས་ཆེད་བསྒྲིགས་ལེ་ཚན་བཏོད་དེ་བཅར་འདྲི་དང་རྩོམ་སྒྲིག་མི་སྣ་སྒྲིག་འཛུགས་ཀྱིས་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ལ་བཅར་འདྲི་བྱས་པ་དང་ཚོགས་འདུའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་བྱས་ཐོག་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་བྱ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་བཅས་རེད།
  2016ལོའི་ཟླ་7པར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་རིང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གསར་འགོད་པ་ཁག་བཞི་བཏང་ནས་མེ་འཁོར་བསྡད་དེ་ཁྲེང་ཏུའུ་དང་། ཧྲང་ཧའེ། ཀོང་ཀྲོའུ། པེ་ཅིང་བཅས་ཕྱོགས་བཞིར་བཅར་འདྲི་བྱེད་པར་བསྐྱོད་པ་དང་མེ་འཁོར་གྱི་འཁོར་སྒྲོམ་ནས་གྲོང་ཁྱེར་ཆེ་ཁག་དང་དེ་བཞིན་མཚོ་བོད་ལྕགས་ལམ་ལམ་བརྒྱུད་ཚང་མར་བཅར་འདྲི་བྱས་ཡོད། 2016ལོའི་ཟླ་6ཚེས་25ཉིན་ནས་བཟུང《བོད་ལྗོངས་གསར་འགྱུར་མཉམ་བསྒྲགས》ཐོག་ཆེད་བསྒྲིགས་ལེ་ཚན《ལོ་ངོ་བཅུ་ཡི་མཁའ་ལམ》ཞེས་པ་བཏོད་དེ་རྩོམ་ཡིག་30ལྷག་ཙམ་བསྟན་ཡོད། རྒྱ་སྐད་རླུང་འཕྲིན་ནང་མཚོ་བོད་ལྕགས་ལམ་བསྐལ་ལ་དུམ་བུར་མེ་འཁོར་ཤར་གཏོང་བྱས་ནས་ལོ་10འཁོར་བའི་རླུང་འཕྲིན་འཁྲབ་གཞུང《གཅེས་པའི་མཁའ་ལམ》ཞེས་པ་བཏང་རྗེས་ཉན་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་ནས་དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ཡིད་དབང་འཕྲོག་པ། ཤུགས་རྐྱེན་ཐེབས་པ་བཅས་ཀྱི་རླུང་འཕྲིན་འཁྲབ་གཞུང་སྤུས་དག་ཅིག་རེད་ཅེས་བསྔགས་བརྗོད་བྱས་ཡོད།
2016ལོ་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འགག་རྩའི་ལོ་ཞིག་ཡིན་ཞིང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཉམས་ལེན་རྣམ་པ་དང་དངོས་སྡོད་ཞིབ་འཇུག་རྣམ་པ་སྤྱད་དེ་རྗེས་སྙེག་བཅར་འདྲི་བྱས་ཏེ་དུས་ཡུན་ཟླ་བ་8ཙམ་རིང་བཅར་འདྲི་བྱས་པའི་རིམ་སྤེལ་གསར་འགྱུར《ཟུར་སྡེ་ཤོད་ཀྱི་དབུལ་སྒྲོལ་ལམ་བུར་བཅར་འདྲི་བྱེད་པ》ཅེས་པ་ལེགས་གྲུབ་ཟིན་ནས་ང་ཚོར་གཞི་རིམ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་རེ་འདུན་ཆེན་པོ་མཐོང་ཐུབ་པ་དང་སྲིད་ཇུས་ཀྱི་ནུས་པ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་ནུས་ཀྱང་ཚོར་ཐུབ་ཡོད།
  མི་དམངས་ཉིན་རེའི་ཚགས་པར་ཁང་བོད་ལྗོངས་ཡན་ལག་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བོད་ལྗོངས་གསར་འགོད་པའི་ས་ཚིགས་སོགས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་གཞི་རིམ་དུ་བསྐྱོད་ནས་ཕུལ་བྱུང་གི་གསར་འགྱུར་བརྩམས་ཆོས་མང་པོ་ཞིག་བྲིས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད།
  ལོ་གཅིག་རིང་། རང་ལྗོངས་ཀྱི་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་པས་འགན་འཁྲི་སེམས་ནང་བརྟན་པོ་ངེས་ཏེ་ཡར་བརྩོན་ཧུར་ཐག་དང་། སྒྱུར་བཅོས་གསར་གཏོད། དངོས་སྒྲུབ་དང་འགན་འཁྲི་ཁུར་ཕོད་པ་བཅས་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ནས་དེ་བས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716