སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་སྒྲིག་བཤེར་ཨུ་ལྷན་གྱིས་མུ་མཐུད་ནུས་ཤུགས་ཡོད་རྒུས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱས་པ།
སྤེལ་དུས། 2017-03-21   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་ལྟ་སྐུལ་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་ལོག་ཡོང་རྒྱུ་གཏན་འགོག་བྱས་པ་རེད།
          སྤྱོད་གཙང་ངང་དུས་ཆེན་གཏོང་བའི་སྒྲིག་ཁྲིམས་བསྐྱར་བཤད་བྱས་པ། ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་དུས་ཆེན་རིང་གི་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་བླང་བྱ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱི་འགན་འཁྲི་བ་ཨང་དང་པོས་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་འགན་འཁྲི་ནན་པོ་ཁུར་ཏེ་སྒྲིག་འགལ་སྲོལ་འགལ་གྱི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          ལྡོག་ཕྱོགས་ཀྱི་ཉེན་གཏོང་སློབ་གསོ་སྤེལ་བ། ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི《དབུལ་སྐྱོར་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་གཞི་ཁག་གསུམ་སྐོར་གྱི་བརྡ་ཁྱབ》དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་འགན་ནུས་སྡེ་ཚན་ཁག་གིས་ལྟ་སྐུལ་གྱི་འགན་འཁྲི་ཏན་ཏིག་ཁུར་ནས་དབུལ་སྐྱོར་མ་དངུལ་ཡོངས་བསྒྲགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་མངོན་གསལ་དོད་པོར་དམ་པོར་དམིགས་ནས་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་གནད་དོན་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་གནོན་ཤུགས་དང་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱ་ཐབས་གསར་གཏོད་བྱས་ཏེ་རང་གིས་རང་ལ་ཞིབ་བཤེར་དང་འཁོར་རྒྱུག་སྤེལ་རེས་ཞིབ་བཤེར་དང་། མངོན་ཞིབ་དང་ལྐོག་བཤེར་ཟུང་འབྲེལ་བྱ་ཐབས་སྤྱད་དེ་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྒྲིག་བཤེར་ཨུ་ལྷན་གྱིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་9བཙུགས་ནས་གཅིག་སྡུད་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716