སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཞིས་རྩེས་དངུལ་རྩའི་སྐུལ་ཁྲིད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་བ།
སྤེལ་དུས། 2017-03-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཉི་ཆོས།
2016ལོར་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་147.92ཟིན་ནས་22.19%འཕར་བ།
          2016ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་དངུལ་རྩའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་དངུལ་རྩའི་སྒྲིག་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་འཐབ་ཇུས་ཀྱིས་སྣེ་ཁྲིད་དང་ཐོན་ཟོག་གསར་གཏོད་བྱས་པ་བརྒྱུད། དངུལ་ཁང་དང་སྲིད་གཞུང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་དངུལ་རྩའི་སྐུལ་ཁྲིད་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད། 2016ལོའི་ཟླ་12ཚེས་31ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་147.92ཟིན་ནས་2016ལོའི་ལོ་འགོ་ལས་སྒོར་དུང་ཕྱུར་26.86མང་དུ་ཕྱིན་ཏེ་22.19%འཕར་བ་དང་དུས་མཚུངས་ལས་སྒོར་དུང་ཕྱུར་17.5འཕར་ཡོད་པ་རེད།
          དངུལ་རྩའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་དངུལ་རྩའི་སྒྲིག་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ། 2016ལོའི་ལོ་འགོར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་2016ལོའི་དངུལ་རྩའི་གཙོ་གནད་ལས་དོན་དང་ལས་འགན་བཀོད་སྒྲིག་བྱས་པས་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ཁུལ་ཁག་ཏུ་དོན་འཁྱོལ་བྱུང་བ་རེད།
2016ལོའི་ཟླ་12པར་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཉིང་ལག་དངུལ་ཁང་དང་ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་སོ་སོ་ནས་ལས་སྒོའི་རྐང་འཛིན་པ་རེ་ཟུར་འཐེན་བྱས་ནས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་དངུལ་རྩའི་གཞུང་ལས་ཁང་བཙུགས་པ་རེད།
          དངུལ་ཁང་དང་སྲིད་གཞུང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ཞིང་། 2016ལོའི་ཟླ་7པའི་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་། བོད་ལྗོངས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་བཅས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་བཏགས་བཀོད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྒོར་དུང་ཕྱུར་790དང་། སྒོར་དུང་ཕྱུར་800 སྒོར་དུང་ཕྱུར་500 སྒོར་དུང་ཕྱུར་500བཅས་ཀྱི་ཡིད་རྟོན་དངུལ་གྲངས་ཁ་གསལ་སྟོན་པ་རེད། 2016ལོའི་ཟླ་12ཚེས་31ཉིན་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྒོར་དུང་ཕྱུར་21.3དངོས་སུ་བཏང་ནས་དོན་འཁྱོལ་ཐུབ་ཚད་2.7%ཟིན་པ་དང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྒོར་དུང་ཕྱུར་41.59དངོས་སུ་བཏང་ནས་དོན་འཁྱོལ་ཐུབ་ཚད་5.2%ཟིན་པ་། ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་སྒོར་དུང་ཕྱུར་14.25དངོས་སུ་བཏང་ནས་དོན་འཁྱོལ་ཐུབ་ཚད་2.85%ཟིན་པ། བོད་ལྗོངས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་སྒོར་དུང་ཕྱུར་9.05དངོས་སུ་བཏང་ནས་དོན་འཁྱོལ་ཐུབ་ཚད་1.81%ཟིན་ཡོད་པ་བཅས་རེད།
          བསམ་ཕྱོགས་གསར་གཏོད་བྱས་པས་ཐོན་ལས་དངུལ་རྩའི་དབུལ་སྐྱོར་ལ་དངོས་ཕན་ཐོན་ཞིང་། 2016ལོའི་ཟླ་6པར་གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ《གཞིས་རྩེ་གྲོང་ཁྱེར་གྱི“སྲིད་གཞུང་གི་ཉེན་ཁའི་ཁ་གསབ་ཐེབས་རྩ་+དངུལ་ཁང་གི་ཡིད་རྟོན་དངུལ་བུན”གྱིས་དབུལ་སྐྱོར་ཐོན་ལས་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བྱ་ཐབས(གནས་སྐབས་ལག་བསྟར་བྱ་ཐབས)》བཟོས་པ་དང་། རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་དབུལ་སྒྲོལ་ཕྱུག་འགྱུར་ཐོན་ལས་གྱི་མ་དངུལ་ནས་སྒོར་དུང་ཕྱུར་2བཏང་སྟེ་དངུལ་ཁང་ཁག་གི་ལོ་དང་པོ་ནས་གསུམ་པ་བར་གྱི་དངུལ་བུན་གྱི་ཆ་སྙོམས་ལྷག་གྲངས་གཞིར་བཟུང་ཞིང་ལས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། བོད་ལྗོངས་དངུལ་ཁང་བཅས་སོ་སོར་སྤྲད་པ་རེད། གྲོང་ཁྱེར་དེས་ལྗོངས་ཡོངས་ཀྱི་སྔོན་ལ་སྲིད་གཞུང་གི་ཉེན་ཁའི་ཁ་གསབ་མ་དངུལ་རྣམ་གྲངས་འོག་གི་དབུལ་སྐྱོར་ཐོན་ལས་དངུལ་བུན་གནད་ལ་འཕིགས་པའི་སྒོ་ནས་བཏང་བས་མིག་སྔའི་བར་ཚོང་ལས་དངུལ་ཁང་ཁག་གིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དངུལ་བུན་ཐེངས་38བཏང་བར་ཁྱོན་སྒོར་དུང་ཕྱུར་6.88ཟིན་ཡོད། དེ་དང་ཆབས་ཅིག་ཧྭ་ལིན་དངུལ་འཛིན་ཀུང་སི་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་གྲོས་མཐུན་ཧུར་ཐག་ངང་བཞག་སྟེ་ལག་རྩལ་མཛུབ་ཁྲིད་དང་། ཆེད་ལས་རོགས་སྐྱོར། མ་དངུལ་གྱི་རྒྱབ་སྐྱོར་སོགས་ཀྱི་ཐད་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་དང་། རྣམ་གླིང་། ལྷ་རྩེ། རྒྱལ་རྩེ་བཅས་རྫོང་བཞིའི་མི་མངོན་པའི་སྟོབས་ཤུགས་ཡོད་པའི་ཁྲོམ་རར་ཞུགས་པའི་ཁེ་ལས་ལ་རོགས་སྐྱོར་བྱས་པ་རེད།
          གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་ཤུགས་བརྒྱབ་ནས“བདག་དབང་གཉིས”ཀྱི་གཏའ་འཇོག་དངུལ་བུན་དངོས་སུ་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་འདི་ཉིད་ལྗོངས་ཡོངས་ཀྱི་ཁག་གཉིས་པའི“བདག་དབང་གཉིས”ཀྱི་གཏའ་འཇོག་དངུལ་བུན་གྱི་ཚོད་ལྟའི་རྫོང་ཡིན་པའི་ངོས་ནས་2016ལོའི་ཟླ་8ཚེས་26ཉིན་ནས་བཟུང་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆའི་དངུལ་བུན་གཅིག་རྗེས་གཉིས་མཐུད་ངང་བཏང་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆའི་གཏའ་འཇོག་དངུལ་བུན་ཐེངས་6བཏང་བར་ཁྱོན་སྒོར་ཁྲི་49ཟིན་ཡོད། དེ་དང་ཆབས་ཅིག་ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་དེ་རིགས་དངུལ་བུན་གཅིག་རྗེས་གཉིས་མཐུད་ངང་བཏང་ནས་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་ཤུགས་བརྒྱབ་སྟེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716