སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པེ་ཅིང་ནས་ཡུལ་ཤུལ་བར་གྱི་ཐད་གཏོང་གནམ་གྲུ་གཏོང་འགོ་ཚུགས་པ།
སྤེལ་དུས། 2017-03-21   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  དབང་འདུས།
          ཚེས་18ཉིན་པེ་ཅིང་རྒྱལ་སའི་མཁའ་འགྲུལ་ཀུང་སིའི་JD5207རྟགས་ཅན་གྱི་དུས་གཏན་གནམ་གྲུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཐང་གནམ་ཐང་དུ་བབས་པ་དང་བསྟུན་ནས་རྒྱལ་སའི་མཁའ་འགྲུལ་གྱིས་ཡུལ་ཤུལ་གྱི་མཁའ་ལམ་དངོས་སུ་གཏོད་འགོ་ཚུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་གནམ་ཐང་ཡན་ལག་ལམ་ཐིག་ཏུ་རྒྱལ་སར་ཐད་འཕུར་གྱི་དུས་གཏན་གནམ་གྲུ་འཕུར་ཐེངས་དང་པོ་དེ་ཡང་ཡིན་པ་རེད།
          མཁའ་ལམ་དེ་བཏོད་པ་ལས་ཡུལ་ཤུལ་གྱིས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དང་། ཁུ་ཁུ་ཤི་རི་མངོན་མིན་རིག་གནས་ཤུལ་བཞག་རེ་ཞུ། བོད་རིགས་ས་ཁུལ་གྱི་རིག་གནས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716