སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ལ་ཕན་འབྲས་རགས་ཙམ་མངོན་པ།
སྤེལ་དུས། 2017-03-21   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།

མིག་སྔར་དཔེ་སྟོན་ས་ཚིགས་26ཟིན་པ།

          ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་རང་སྐྱོང་ལྗོངས་ཀྱིས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་སྨད་གྲོང་རྡལ་དང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་བཅས་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་མིང་གཞུང་ནང་བཅུག་པས་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་འཛུགས་སྐྲུན་གྱི་གྲོང་རྡལ་26ཟིན་རྒྱུ་རེད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གྱི་ལག་ལེན་ཞིབ་ཕྲ་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག ཞིང་འབྲོག་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ཡིན་ལ་བོད་ཀྱི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་ཟམ་མི་ཆད་པར་སྐུལ་མ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་དེ་བས་རེད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་གཞུང་ལས་ཁང་གིས་ཐང་སྨད་གྲོང་རྡལ་དང་། གནམ་མཚོ་ཤང་། འདྲེན་ཐང་གྲོང་རྡལ་བཅས་ཀྱི་གནས་ཡུལ་གྱི་ཆ་རྐྱེན་དང་ཐོན་ལས་རྨང་གཞི་སོགས་རྒྱུ་རྐྱེན་ལ་གཞིགས་ནས་ཕྱོགས་བསྡུས་དཔྱད་དཔོག་བྱས་རྗེས་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་ནང་བཙུགས་པས་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་འཛུགས་སྐྲུན་གྱི་གྲོང་རྡལ་26ཟིན་རྒྱུ་རེད། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་4དང་། གཞིས་རྩེ་གྲོང་ཁྱེར་གྱི་5 ལྷོ་ཁ་གྲོང་ཁྱེར་གྱི་3 ཉིང་ཁྲི་གྲོང་ཁྱེར་གྱི་5 ཆབ་མདོ་གྲོང་ཁྱེར་གྱི་4ནག་ཆུ་ས་ཁུལ་གྱི་3 མངའ་རིས་ས་ཁུལ་གྱི་2བཅས་ཡོད་པ་རེད།

          ཐང་སྨད་གྲོང་རྡལ་ནི་སྤོ་བོ་རྫོང་ཁོངས་སུ་གནས་པ་དང་གནམ་གཤིས་ལེགས་པ་དང་ཆ་སྙོམས་མཐོ་ཚད་སྨི་1800ཙམ་ཟིན་གྱི་ཡོད་དེ་ནི་ས་མཐོའི་གྲོག་རོང་དང་རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་ཡིན་པའི་བོད་ཀྱི་ཡིད་འོང་ལྷོ་རྒྱུད་ཁུལ་དུ་གཏོགས་པས་ཁྲོན་བོད་གཞུང་ལམ་318ལམ་ཐིག་བརྒྱུད་དགོས་ངེས་ཀྱི་ཞབས་ཞུའི་རང་བཞིན་གྱི་གྲོང་རྡལ་ཆུང་གྲས་ཤིག་རེད། ཕུག་ལམ་ལྔ་དང་ཟམ་པ་གཉིསཀྱིས་གཙོ་རྐང་བྱས་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭར་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཐང་སྨད་གྲོང་རྡལ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའིའཇུར་མིག་གནད་དོན་ཐག་གཅོད་ཐུབ་པ་དང་དུས་མཚུངས་ཐང་སྨད་གྲོང་རྡལ་དང་ཐ་ན་སྤོ་བོ་རྫོང་ཧྲིལ་པོ་འཕེལ་རྒྱས་མྱུར་པོ་ཡོང་ཆེད་མཐུན་རྐྱེན་དང་གོ་སྐབས་བསྐྲུན་རྒྱུ་རེད། འགྲིམ་འགྲུལ་ལམ་རྒྱུད་གལ་ཆེན་གྱི་ཞབས་ཞུ་དང་ས་གཤིས་ཚན་རིག་རྟོག་ཞིབ་རྣམ་པའི་གྲོང་རྡལ་ཆུང་གྲས་ཀྱི་ནུས་པ་གང་ལེགས་འདོན་པ་དང་མཐའ་འཁོར་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ཐང་སྨད་གྲོང་རྡལ་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་མིང་གཞུང་ནང་དུ་བཅུགས་ནས་ཐང་སྨད་གྲོང་རྡལ་སྣོད་བཅུད་ཁོར་ཡུག་ལེགས་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། མི་སྡོད་ཁོར་ཡུག་ལེགས་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ལྡན་པ་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཤིག་ཏུ་ཧུར་ཐག་གཏོད་རྒྱུ་རེད། གནམ་མཚོ་ཤང་ནི་འདམ་གཞུང་རྫོང་ནས་བྱང་ངོས་ཀྱི་སྤྱི་ལེ་30ཡི་སར་གནས་པ་དང་མཐོ་ཚད་ལ་སྨི་5100ཟིན་པའི་ལ་རྒན་རི་ཉག་གི་བྱང་རྒྱུད་དུ་ཆགས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་གྲགས་ཅན་བཀྲ་ཤིས་མདོ་ཡང་ཤང་དེའི་མངའ་ཁོངས་སུ་གནས་ཡོད། བྱང་ཤར་ནག་ཆུ་ས་ཁུལ་གྱི་དཔལ་མགོན་རྫོང་དང་འབྲེལ། དེ་ཁུལ་གྱི་རྩྭ་ཐང་རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི་15.33ཟིན་པ་དང་བེད་སྤྱོད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་ཁྲི་13.99ཡོད། རང་བྱུང་མཛེས་ལྗོངས་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ནི་ཤང་དེའི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་ཡིན་ལ་ང་ཚོས་སླད་ཕྱིན་གཙོ་གནད་སྐྱོང་སྤེལ་བྱེད་པའི་ཁ་ཕྱོགས་ཤིག་ཀྱང་རེདཅེས་འགན་འཁུར་བ་དེས་ངོ་སྤྲོད་བྱས་བྱུང་། གནམ་མཚོ་ཤང་དང་མི་འདྲ་བར་འདྲེན་ཐང་གྲོང་རྡལ་གྱིས་གཏོད་རྒྱུ་ནིསྡོད་རྒྱུར་འཚམ་པཞིག་ཡིན་པས་ས་བབ་དམའ་བ་དང་རང་བྱུང་ཡུལ་ལྗོངས་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་འདི་ཉིདསྡོད་རྒྱུར་འཚམ་པའི་གྲོང་རྡལ་ཆུང་གྲསཤིག་ཏུ་བསྐྲུན་རྒྱུའི་འཆར་གཞི་འགོད་རྒྱུ་ནི་གདམ་ག་ཡག་པོ་ཞིག་རེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བསཁྱད་ལྡན་གྲོང་རྡལ་ཆུང་གྲས་སྐྱོང་སྤེལ་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལྡན་པ་གདམ་ག་བྱེད་པ་ལས་གྲོང་རྡལ་ཆུང་གྲས་ཚང་མ་འཕེལ་རྒྱས་གཏོང་ཐུབ་པ་ཞིག་མིན སླད་ཕྱིན་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་བསྐྲུན་རྒྱུའི་ལས་དོན་གྱིསགཅིག་སྐྲུན་གཅིག་འགྲུབཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་ལས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་མང་པོ་དང་ཆེན་པོ་དོན་གཉེར་མི་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལྡན་པ་གདམ་ག་བྱེད་དགོས་ཞེས་བརྗོད་བྱུང་། 

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716