སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པེ་ཅིང་སློབ་གྲྭ་ཆེན་མོའི་ལས་སྐྲུན་སྦྱོང་བརྡར་སྒར་ས་ཟླ5པར་ལྷ་སར་འཛུགས་རྒྱུ་རེད།
སྤེལ་དུས། 2017-04-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།
          ཉེ་ཆར།  པེ་ཅིང་སློབ་གྲྭ་ཆེན་མོའི་ལས་སྐྲུན་སྦྱོང་བརྡར་སྒར་སས་སློབ་མ་བསྡུ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་སྟེ།  ཡུས་མེ་ཧོང་དང་སུང་ཐའོ་རན།  ཧིའུ་ཅུན་སོགས་ཁྲིད་སྟོན་དགེ་རྒན་མིང་གྲགས་ཅན་ཟླ5པར་ལྷ་སར་ཕེབས་ཏེ། བོད་ལྗོངས་ཀྱི་ལས་སྐྲུན་པ་རྣམས་དང་བསམ་བློ་བརྗེ་རེས་དང་སློབ་ཁྲིད་གནང་རྒྱུ་ཡིན་ལ། དེས་རྒྱལ་ནང་ནས་ཆེས་ཆེ་བའི་སྤྱི་ཕན་སྒོ་འབྱེད་ཅན་གྱི་ལས་སྐྲུན་སློབ་གསོ་དང་རོགས་སྐྱོར་སྟེགས་བུ་དེ་ལྷ་ས་ནས་དངོས་སུ་འཛུགས་རྒྱུ་ཡིན་པ་མཚོན། ཤེས་གསལ་ལྟར་ན།  ཟླ5པའི་ཚེས16ཉིན་ནས་ཚེས19ཉིན་བར་སྤེལ་ཐེངས་དང་པོའི་པེ་ཅིང་ལས་སྐྲུན་སྦྱོང་བརྡར་སྒར་སའི་བོད་ལྗོངས་ཀྱི་སྦྱོང་བརྡར་དངོས་སུ་མགོ་བརྩམ་རྒྱུ་རེད། 
          གསར་འགོད་པས་རྒྱུས་ལོན་པ་ལྟར་ན།  པེ་ཅིང་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་དཔུང་སྡེ་དང་སློབ་གྲྭའི་གྲོགས་མཆེད་ཁེ་ལས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་སྟེ།  བོད་རང་སྐྱོང་ལྗོངས་ཀྱི“ཀུན་གྱིས་ལས་སྐྲུན་དང་མང་པོས་གསར་སྐྲུན”བྱེད་པའི་འཕེལ་རྒྱུས་ཀྱི་དགོས་མཁོ་སྣ་ཚོགས་ལ་ཞབས་ཞུ་བྱེད་ཆེད།  ད་ལོའི་ལོ་འགོར།  པེ་ཅིང་སློབ་གྲྭ་ཆེན་མོའི་བོད་ལྗོངས་ཀྱི་སློབ་གྲྭའི་གྲོགས་མཆེད་ཚོགས་པས་མཐུད་འབྲེལ་གྱི་རོགས་རམ་གནང་འོག   པེ་ཅིང་ལས་སྐྲུན་སྒར་སས་ལྷ་སའི་མཐོ་གསར་ཁུལ་དང་མཉམ་འབྲེལ་སྒོས་པེ་ཅིང་ལས་སྐྲུན་སྒར་སའི(བོད་ལྗོངས)སྐྲུན་ཟུང་རྟེན་གཞི་འཛུགས་རྒྱུ་ཐག་གཅོད་བྱས།  རང་ལྗོངས་དང་པེ་ཅིང་སློབ་གྲྭ་ཆེན་མོའི་ཕྱོགས་སོ་སོའི་ཕྱོགས་བསྡུས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་ཆེད།  ཁེ་ལས་གཙོ་གཞི་ཡིན་པ་དང་ཚོང་རས་ཕྱོགས་སྟོན་བྱེད་པ། ཆབ་ཐོན་སློབ་ཞིབ་ཟུང་འབྲེལ་གྱིས་སྤྱོད་པའི་གསར་སྐྲུན་ལས་སྐྲུན་གྱི་རོགས་སྐྱོར་མ་ལག་འཛུགས་སྐྲུན་བྱས་ཏེ། བོད་ལྗོངས་ནི་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་ཁྲོད་རྒྱལ་ཡོངས་ཀྱི་གསར་སྐྲུན་ལས་སྐྲུན་ཐད་ཆེས་ལེགས་ཤོས་སུ་འགྱུར་བར་བྱ་རྒྱུ་རེད། 
          པེ་ཅིང་ལས་སྐྲུན་སྒར་སའི་འབྲེལ་ཡོད་མི་སྣས་བཤད་རྒྱུར།  སྦྱོང་བརྡར་དང་པོ་ནི་འགོ་རྩོམ་པ་ཙམ་ཡིན་ཏེ།པེ་ཅིང་ལས་སྐྲུན་སྒར་སའི (བོད་ལྗོངས) སྐྲུན་ཟུང་རྟེན་གཞིས་ཕྱོགས་གསུམ་ནས་ལས་དོན་སྤེལ་རྒྱུ་ཡིན། ཐོག་མར་རང་སྐྱོང་ལྗོངས་ཀྱི་སྐྲུན་ཟུང་དཔེ་སྟོན་རྟེན་གཞི་བཙུགས་ཏེ། རྒྱལ་ཡོངས་སུ་སྐྲུན་ཟུང་ཐད་ཀྱི་ལྷང་ངེ་ས་བརྩོན་ལེན་བྱ་རྒྱུ། དེ་ནས་པེ་ཅིང་ལས་སྐྲུན་སྒར་སའི (བོད་ལྗོངས) སྐྲུན་ཟུང་རྟེན་གཞིས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་མུ་འབྲེལ་གཙོ་བོའི་གསར་སྐྲུན་ཇེ་དྲག་ཏུ་བཏང་སྟེ།  བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་ཐོན་ལས་སྐྲུན་ཟུང་དང་ཐོན་ལས་རོགས་སྐྱོར་གྱི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི“ས་གཙང་བ། མཁའ་དབུགས་གཙང་བ། ཆུ་གཙང་བ། སེམས་གཙང་བ”བཅས་མཐོ་སྒང་གི་རང་བྱུང་ལེགས་ཆར་རྐང་ཚུགས་ཏེ།  ཚན་རྩལ་གསར་སྐྲུན་དང་རྩ་འཛུགས་གསར་སྐྲུན།  ཚོང་ལས་དཔེ་དབྱིབས་གསར་སྐྲུན་བཅས་ལ་ཤུགས་བསྣན་ཏེ། རང་སྐྱོང་ལྗོངས་ཀྱི་ཐོན་ལས་གཙོ་བོའི་སྲོག་ཤིང་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ་མ་ཟད། “སྒོང་རུམ+རྟེན་གཞི”ཡི་དཔེ་དབྱིབས་ཧུར་ཐག་གིས་གོང་དུ་སྤེལ་རྒྱུ།  གཞན་ཡང་།  པེ་ཅིང་ལས་སྐྲུན་སྒར་སའི (བོད་ལྗོངས) སྐྲུན་ཟུང་རྟེན་གཞིས་ད་དུང་རང་སྐྱོང་ལྗོངས་ཀྱི་གསར་སྐྲུན་ཅན་གྱི་འཇོན་མི་སྐྱེད་སྲིང་བྱེད་པའི་དཔེ་དབྱིབས་གསར་འཛུགས་བྱེད་པའི་ལས་འགན་ཕྲག་ཏུ་འཁུར་རྒྱུ་བཅས་སོ།།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716