སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་བོད་དབུས་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་བཟོས་པ།
སྤེལ་དུས། 2017-04-20   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཚེས་16ཉིན་སྐབས་དང་པོའི་བོད་ཤར་ལྷོའི་སྐོར་ལམ་ས་ཁོངས་ཡུལ་སྐོར་འཐབ་ཇུས་མཉམ་ལས་བྱེད་སྒོ་ལྷ་སར་དངོས་སུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཞོགས་འདེགས་བྱས་ནས་གཉེར་བ་ཞིག་ཡིན། གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་མཉམ་འབྲེལ་ཚོགས་འདུའི་སྣེ་ཁྲིད་ཚན་པའི་འགན་རེས་མོས་ཀྱིས་ཁུར་ནས་ལོ་རེར་ཐེངས་རེར་བརྗེ་རྒྱུ་རེད།
          བོད་དབུས་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་རྒྱུ་ནི་སྐབས་དང་པོའི་བོད་ཤར་ལྷོའི་སྐོར་ལམ་ས་ཁོངས་ཀྱི་ཡུལ་སྐོར་འཐབ་ཇུས་མཉམ་ལས་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཡིན། ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་མཉམ་དུ་ས་ཁོངས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་ཤར་རྒྱུད་སྐོར་ལམ་དུ་གསར་དུ་བཏོན་པའི་ཡུལ་ལྗོངས་ས་ཚིགས་འཇུག་སྒོར་བྱེད་པ། རང་ལྗོངས་ཀྱི་ཡུལ་སྐོར་བའི་དུས་ཚིགས་མ་ཤར་གོང་བོད་དབུས་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་ཧུར་ཐག་བཟོས་ནས་བོད་དུ་ཡོང་མཁན་རྒྱ་ཆེའི་ཡུལ་སྐོར་བར་ཡུལ་སྐོར་སྐོར་ལམ་གྱི་ཐོན་རྫས་སྔར་བས་མང་བ་མཁོ་འདོན་བྱས་ཏེ་བོད་ལ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཏོད་ཆེད་ཉམས་མྱོང་གསོག་རྒྱུ་རེད། ཤར་རྒྱུད་སྐོར་ལམ་གྱིས་ཡུལ་སྐོར་བར“ཕྱིར་ལོག”བྱེད་དུ་མི་འཇུག་པར་དུས་ཚོད་ཐུང་ཤོས་ནང་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་གསུམ་གྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་གནའ་བོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་20ཉིན་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འཐུས་མིས་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བྲིན་འཚོང་མཁན་60དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་འཛོམས་ཏེ་གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དབར་ས་ཁོངས་ཡུལ་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་དཔང་པོ་བྱ་རྒྱུའི་ཁར་ས་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716