སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་དགོས།
སྤེལ་དུས། 2015-12-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མགོན་པོ།
  ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྩ་བའི་བྱེད་ཐབས་ཤིག་དང་། བོད་འདི་ཉིད་གཞི་རྩའི་ཆ་ནས་བརྟན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན། ལྗོངས་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྗོངས་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཚོས་ངེས་པར་དུ་རང་ལྗོངས་སུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་སྤེལ་སྐབས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། དམངས་ཆེད་ཀྱི་དམིགས་ཡུལ་དང "བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས "མཐའ་འཁྱོངས་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་ངོས་འཛིན་ཐུབ་པ་བྱེད་དགོས།

  ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱ་རྒྱུ་དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་བཏོན་པའི་དེ་བས་གསར་ལ་མཐོ་བའི་བླང་བྱ་ཞིག་ཡིན་པ་དང་བོད་ཀྱི་དེ་སྔའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན། འཐབ་ཇུས་ཀྱི་དགོངས་པ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཞིབ་ཕྲའི་ནང་དོན་ནང་འཕེལ་རྒྱས་ཀྱི་ལམ་བུ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས།

  འཕེལ་རྒྱས་ཀྱི་གཙོ་གནད། འཕེལ་རྒྱས་ཀྱི་དམིགས་ཡུལ་བཅས་ཚུད་ཡོད། འཕེལ་རྒྱས་ཀྱི་ལམ་བུ་དེའི་ཐོག་ནས་དར་ཆ་གང་ཞིག་སྒྲེང་དགོས་པ་དང་ལམ་བུ་གང་ཞིག་ལ་སྐྱོད་དགོས་མིན་མཚོན་པ་དང་གལ་ཆེའི་ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་གཏོང་རྒྱུ་དེ་མཚོན་ཡོད། འཕེལ་རྒྱས་ཀྱི་ལམ་བུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བོད་དུ་ཚན་རིག་དང་མཐུན་པ་དང་ཞིབ་ཕྲའི་ངང་བེད་སྤྱོད་བྱེད་པ་ཞིག་ཡིན།

  འཕེལ་རྒྱས་གཏོང་རྒྱུ་དེ་ནི་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་གལ་ཆེའི་ལས་འགན་ཨང་དང་པོ་ཡིན་ལ་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཞིག་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་རྒྱུ་དེ་ནི་ང་ཚོས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ད་ཕན་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསམ་བློར་འགྱུར་ལྡོག་གཏོང་བ་དང་གསར་འབྱེད་གསར་གཏོད་བྱས་ཏེ་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་མདུན་ལམ་གྱི་འཆར་གཞི་བཀོད་ཟིན་ཡོད། ང་ཚོས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་དར་ཆ་མཐོན་པོར་སྒྲེང་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དེ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཡག་པོ་བྱེད་པ་དང་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་བླ་ན་མེད་པའི་ལས་འགན་ཏན་ཏིག་ངང་སྒྲུབ་དགོས།

  ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་པའི་ཆེས་གཙོ་བོ་ནི་ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་གསུམ་དབར་གྱི་འབྲེལ་བ་ནི་ཟུང་འབྲེལ་དམ་ཟབ་ཡོད་པའི་གཅིག་གྱུར་གྱི་སྤྱི་ཡོངས་ཤིག་ཡིན་པས་གཅིག་ཆད་ནའང་མི་འགྲིག་པ་ཞིག་ཡིན། ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་དེ་ནི་དངོས་པོའི་རྨང་གཞི་ཞིག་དང་། ལྟོ་གོས་འཛོམས་པ་བྱ་རྒྱུ་དེ་ནི་ལས་འགན་གཙོ་བོ་ཞིག སྣོད་བཅུད་བཟང་པོ་ཡོང་བ་བྱ་རྒྱུ་དེ་ནི་རྩ་བའི་ཇུས་ཆེན་ཞིག་བཅས་ཡིན་པས་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་ཀྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་ཡག་པོ་བྱས་ཚེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་པོར་སྐྱོད་ཐུབ། ངེས་པར་དུ "ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ "བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་རྒྱུ་དེ་ནི་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཡིན་ལ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཀྱང་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱར་གཞིགས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་གཙོ་གནད་གཏན་འཁེལ་བྱ་རྒྱུ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་དཔལ་འབྱོར་གྱི་གྲུབ་ཆ་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཡིན། ཁྱད་ཆོས་ནི་ལེགས་ཆ་དང་། ཁྱད་ཆོས་ནི་གཙོ་གནད། ཁྱད་ཆོས་ནི་ཕན་འབྲས་བཅས་ཡིན་པས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཚེ་རྒྱལ་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཆགས་སྟངས་ཆེན་པོའི་ཁྲོད་གནས་བབ་ཅིག་བཟུང་ཐུབ། འཕེལ་རྒྱས་གཏོང་རྒྱུ་དེ་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་བར་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཡུལ་མངོན་འགྱུར་ཏན་ཏིག་ཡོང་བ་བྱ་རྒྱུ་དེ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྩ་བའི་བླང་བྱ་ཞིག་ཡིན་ལ་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་འཐབ་རྩོད་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་ཀྱང་ཡིན།

  མིག་སྔར་རང་ལྗོངས་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣོ་ངར་དང་ཪྙོག་འཛིང་ཆེ་བའི་དུས་སྐབས་གསར་པར་གནས་པ། ལྷ་སའི "༣·༡༤"དོན་རྐྱེན་ཐག་གཅོད་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། རྒྱུན་གཏན་གྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ། "ལོ་ལྔ་ཚན་བཅུ་གཅིག་པའི "འཆར་འགོད་ལག་བསྟར་བྱེད་པའི་འགག་སྒྲོལ་གྱི་དུས་མཚམས་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་གལ་ཆེའི་དུས་སུ་གནས་ཡོད་པས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་སྤེལ་བའི་ཤར་རླུང་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པར་སློབ་གསོ་ཐེབས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་ཆུ་ཚད་དུ་སླེབས་པ། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ཕན་འབྲས་ཐོབ་པ། མི་དམངས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བཅས་ལ་དམིགས་ཏེ་སྔར་བས་བསམ་བློ་གཅིག་གྱུར་དང་། དངོས་ཐོག་བདེན་འཚོལ། སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་། "ལག་བསྟར་གཅིག་དང་། མཐའ་འཁྱོངས་གསུམ། སྐུལ་འདེད་གཉིས "བཅས་དང་མི་འཚམ་པ་དང་མི་མཐུན་པའི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། "ལག་བསྟར་གཅིག་དང་། མཐའ་འཁྱོངས་གསུམ། སྐུལ་འདེད་གཉིས "བཅས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་འདུན་པ་གསར་པ་ཁོང་དུ་གང་ལེགས་ཆུད་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པ་དང་སླར་ཡང་འོད་སྟོང་གཏོད་དགོས།

  ཁ་བྱང་ཕྱི་མོ།  ​ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་དགོས།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070