སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་འཚོགས་པ།
སྤེལ་དུས། 2015-12-15   ཡོང་ཁུངས། བོད་ལྗོངས་གསར་དྲ།   རྩོམ་པ་པོ།  
  ཨུ་ལྷན་ཚང་འཛོམས་གྲོས་ཚོཌ་ཐོག་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ། 《"ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོར》གྲོས་ཞིབ་དང་གྲོས་འཆམ་བྱས་པ།
ཟླ་༡༢ཚེས་༡༢དང་༡༣ཉིན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གསུང་བཤད་གནང་བའི་གནས་ཚུལ་ཡིན་པ།

ཟླ་༡༢ཚེས་༡༢དང་༡༣ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྡིངས་ཆ་ཡིན་པ།

ཟླ་༡༢ཚེས་༡༢དང་ཚེས་༡༣ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་འཚོགས་པ་རེད།

  ཚང་འཛོམས་གྲོས་ཚོགས་དེ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གསུང་བཤད་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས《"ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོའི》སྐོར་གསལ་བཤད་གནང་བ་རེད།

  རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། ཏེང་ཞའོ་ཀང་། ཏའེ་གོ་ཤིན། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལེན། ཙེང་དབན་མིང་བཅས་ཚོགས་འདུར་ཞུགས་ཡོད།

  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ཡོད།
  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ། 《"ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོར》གྲོས་ཞིབ་དང་གྲོས་འཆམ་བྱས་པ་རེད།

  ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། གཅིག་གྱུར་ཐོག་ངོས་འཛིན་བྱས་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ"རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི"མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། "ཕྱོགས་ཡོངས་ནས་བཞིའི"འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་ལེགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་གཏོད་པ། དོན་ཆེན་༦གཙོ་གནད་དུ་སྒྲུབ་པ་དང་ཕྱོགས་༡༠ཐད་ཀྱི་ལས་དོན་གཙོ་བོར་སྐུལ་འདེད་གཏོང་བ་བཅས་བྱས་པ་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༥༠འཁོར་བའི་རྟེན་འབྲེལ་བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤེལ་བ། ཡོམ་འགོག་གེགས་སེལ་གྱི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་བླངས་པ། "ནན་གསུམ་དྲང་གསུམ"གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་བ། རང་ལྗོངས་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་འགོ་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་པ་བཅས་བྱས་ཤིང་། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ་དང་། རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་པ་དང་དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། གསོན་ཤུགས་དང་སྒུལ་ཤུགས་དངོས་འབྲེལ་ཆེ་རུ་བཏང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་བ། ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་བ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་བ། དམངས་འཚོ་སྔོན་ལ་འགན་སྲུང་དང་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་བཏང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་བཟང་པོ་མཐའ་འཁྱོངས་བྱས་པ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་བོད་དུ་ཏང་གིས་སྲིད་འཛིན་པའི་རྨང་གཞི་བརྟན་དུ་བཏང་བ་བཅས་རེད།

  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་རང་རེའི་ཏང་གིས་གཏན་འཁེལ་བྱས་པའི"ལོ་བརྒྱ་གཉིས"ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་འཚོགས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྙན་ཞུ་གལ་ཆེན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན། ཀྲུང་དབྱང་གི《གྲོས་འགོ》བཅས་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱེད་པ་དང་། "ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་བླང་བྱ། གཞི་རྩའི་འདུ་ཤེས། བྱེད་ཐབས་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་འདེབས་པ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་འཕེལ་རྒྱས་གང་ལེགས་མངོན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་གསུང་སྒྲ་ཆེན་པོ་མངོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད་ལ་གསལ་རྟོགས་སྟངས་འཛིན་བྱེད་པ་མངོན་པ། "ཕྱོགས་ཡོངས་ནས་བཞིར"སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གི་རྩེ་རིམ་ཇུས་འགོད་མངོན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་བྱེད་པའི་མཐོང་རྒྱ་ཆེ་བའི་མིག་རྒྱང་མངོན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མགྱོགས་མྱུར་སྐྲུན་ཐུབ་པ་བྱེད་པའི་འཐབ་ཇུས་འཆར་འགོད་མངོན་པ། དམངས་ཆེད་སྲིད་འཛིན་དང་དམངས་ཉེ་དམངས་གཅེས་ཀྱི་བླ་ན་མེད་པའི་བསམ་བློ་མངོན་པ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ལས་འགན་འཁུར་ཕོད་པ་མངོན་པ། བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ལེན་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་གི《གྲོས་འགོའི》ནང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ལྟེ་བའི་དོན་གནད་ཁོང་དུ་ཆུད་པ་བྱེད་པ། དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་བཅས་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་བསྐྲུན་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱེད་པར"ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ནི་བོད་འདི་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་ལོ་ལྔ་ཡིན་པས་དུས་ཚོད་གཏུག་པ་དང་ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ"རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི"འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང"མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི"མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། "ཕྱོགས་ཡོངས་ནས་བཞིའི"འཐབ་ཇུས་བཀོད་སྒྲིག་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་དགོས། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱས་ནས་༢༠༢༠ལོར་སླེབས་སྐབས་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས། "ལྔ་འཕེལ་རྒྱས་ཀྱི་འདུ་ཤེས"ཏེ་གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་དབྱེའི་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས།"འབྲེལ་བ་ཆེན་པོ་བཅུ"ཐག་གཅོད་ཡང་དག་བྱེད་དགོས་པ་སྟེ། འཕེལ་རྒྱས་དང་བརྟན་ལྷིང་དང་། འཕེལ་རྒྱས་དང་དམངས་འཚོ། འཕེལ་རྒྱས་དང་ཁོར་ཡུག དབུལ་སྒྲོལ་དང་འབྱོར་འབྲིང་། མྱུར་ཚད་དང་ཕན་འབྲས། གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། གསར་དར་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན། ནང་ཁུལ་དུ་སྒོ་མོ་འབྱེད་པ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ། ཆ་ཤས་དང་སྤྱི་ཡོངས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ཕྱོགས་ལྔའི་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་ཀྱི་ཕན་འབྲས་དང་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་འགན་ལེན། སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ནང་ཁུལ་དང་ཕྱི་རུ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚོགས་འདུའི་ཐོག་ཀྲུང་དབྱང་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ཏེ་དབུལ་པོའི་མི་འབོར་ཁྲི་༦༩ཚང་མ་དབུལ་སྒྲོལ་ཐུབ་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བསྟན་དོན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྟོབས་དང་ལྡན་པའི་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་ཚད་མཐོའི་དོགས་ཟོན་དང་། རིགས་པ་དྭངས་གསལ། ལངས་ཕྱོགས་བརྟན་པོ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་རི་བོ་ཐའེ་ཧྲན་ལྟར་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་དམ་པོར་འཛིན་ནས་ཁྲིམས་ལྟར་བཅོས་སྒྲིག་དང་། ཆ་ལག་ཚང་བའི་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག འབྱུང་རྩ་ནས་བཅོས་སྒྲིག་བཅས་མཐའ་འཁྱོངས་བྱས་ཏེ་བོད་ཡུན་རིང་བརྟན་ལྷིང་དང་།རྒྱུན་མཐུད་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་བྱེད་དགོས་པ། གསུམ་ནས་དུས་བདེའི་བོད་ལྗོངས་བསྐྲུན་ནས་དེ་བས་རང་རྟོགས་ཀྱི་སྒོ་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ཐོག་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་བཅུ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་པོ་དང་། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་པོ། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་དང་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཆགས་པ་བྱེད་དགོས།

  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་མིག་སྔའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལེགས་གྲུབ་བྱེད་དགོས། "ལོ་ལྔ་ཚན་བཅུ་གཉིས་པའི"མཇུག་བསྡུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་བཟོ་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར། "ནན་གསུམ་དྲང་གསུམ"གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་བ། ལྗོངས་ཡོངས་ཀྱི"ཚོགས་འདུ་གཉིས"དང་དེ་བཞིན་འབྲེལ་ཡོད་ཚོགས་འདུ་ཡག་པོ་འཚོག་རྒྱུར་གྲ་སྒྲིག་བྱེད་དགོས།

  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་ལས་དོན་གྱི་ལམ་ལུགས་ཞིབ་འཇུག་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་ཐབས་ཇུས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་མཐའ་འཁྱོངས་བཅས་བྱས་ཏེ་ཁྲིམས་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ལྟར་གྱི་ཐབས་ཇུས་དང་། གནད་དོན་གལ་ཆེན་གྱི་ཐབས་ཇུས། ལས་བྱེད་པ་བསྐོ་འཐེན། རྣམ་གྲངས་གལ་ཆེན་གྱི་མ་འཇོག གྲངས་འབོར་མང་བའི་མ་དངུལ་སྤྱོད་རྒྱུ་བཅས་ཚང་མ་རིམ་མཚུངས་ཏང་ཨུད་ཀྱིས་མཉམ་དུ་ཞིབ་འཇུག་དང་གཏན་འཁེལ་བྱ་རྒྱུར་འབུལ་དགོས་པ་དང་དཔལ་འབྱོར་འཁོར་སྐྱོད་དང་འབྲེལ་ཡོད་འགན་འཁྲིའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་སྐྱོད་དང་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འགོ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་འགོ་ཁྲིད་མི་སྣ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཇོན་ཐང་ཅན་དུ་ཧུར་ཐག་འགྱུར་བ་བྱེད་དགོས་པ་དང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཀ་རྟེན་དུ་འགྱུར་བ་བྱེད་དགོས་པ། གསུམ་ནས་ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་དགོས། སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་དང་། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག སྐོར་གཟིགས་ལས་དོན་གྱི་ལས་ཀའི་སྲོལ་ཡིག་བཅས་དོན་འཁྱོལ་ནན་པོ་བྱེད་དགོས། བོད་འདི་མཐོ་གྲང་གསོན་རླུང་དཀོན་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོར་གནས་པ་བཅས་གང་ཡིན་ཡང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ལ་སྲུང་བརྩི་ནན་པོ་ཞུ་བ་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་སྟེ་བོད་དང་རྒྱལ་ས་པེ་ཅིང་ས་ཐག་འཛོལ་ཡང་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སེམས་པ་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་བློ་ཁ་རྦད་དེ་ཕྱོགས་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུའི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ངེས་པར་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་ཏན་གྱིས་དེ་བས་ལེགས་པའི་སྒོ་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་མདུན་དུ་འཇོག་དགོས། རང་རྟོགས་ངང་སྤྱོད་གཙང་རང་འདོམས་ཐུབ་པ་བྱས་ཏེ་ཆབ་སྲིད་གསལ་པོ་ཤེས་མཁན་དང་། དཔལ་འབྱོར་ཐད་གཙང་མ་གཙང་རྐྱང་། སྤྱོད་ཚུལ་ཐད་གཞུང་དྲང་བ་བཅས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི"སྲུང་བྱ་རྣམ་བཅུ"དང"བླང་བྱ་ཁག་དགུ"བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས"སྤྱོད་ཚུལ་བཞི"ཡོ་བསྲང་བྱེད་དགོས། རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་ཐར་པར་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་བར་ཆད་པ་གཅོད་པ་དང་སྐོར་གཟིགས་རུལ་རྒོལ་གྱི་རལ་གྲི་ཡག་པོ་སྤྱད་དེ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མི་བསྐུམས་མཁན་དང་། རང་འདོད་རང་བསམས་ཁོ་ན་བྱེད་མཁན། སྔར་ལྟར་མཁྲེགས་བཟུང་བྱེད་མཁན། བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་མཁན་བཅས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཟིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་འབྲེལ་རུལ་སུངས་སྔོན་འགོག་གི་མ་ལག་འཐུས་ཚང་དུ་བཏང་ནས་གངས་ལྗོངས་ས་མཐོར་སྤྱོད་ཚུལ་བཟང་བའི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་དགོས་པ། བཞི་ནས་དམ་པ་དོན་གཉེར་བྱེད་དགོས། རང་འགུལ་ངང"ནན་གསུམ་དྲང་གསུམ"ལག་བསྟར་བྱས་ནས"ཡོད་པ་གསུམ་དང་མི་སྐྲག་པ་བཞི"ཧུར་ཐག་ཐུབ་པ་བྱེད་དགོས་པ་དང་། དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། སྙིང་རུས་ལྷོད་མེད། དོན་འཁྱོལ་ནན་པོ་བཅས་བྱེད་དགོས་པ། དཔྱད་ཞིབ་དང་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་རྒྱུ་ཡོད་ལ་འབེབས་རྒྱུ་ཡོད་པའི་གཏན་འབེབས་འགའ་དོན་འཁྱོལ་བྱས་ཏེ་ལས་ཀ་བྱེད་བསམས་མཁན་དང་། ལས་ཀ་སྒྲུབ་འདོད་མཁན། ལས་ཀར་གྲུབ་འབྲས་ཐོབ་མཁན་བཅས་ཀྱི་ལས་བྱེད་པར་མི་ཚེའི་རིན་ཐང་མངོན་པ་དང་། བྱས་རྗེས་འཇོག་པའི་གོ་སྐབས་ཡོད་པ། འཇོན་ཐང་འདོན་ས་ཡོད་པ་བཅས་བྱེད་དགོས་པ། ལྔ་ནས་རྣམ་པ་ཟབ་མོ་ཞིག་གཏོད་དགོས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་དང་། "ལོ་ལྔ་ཚན་བཅུ་གཉིས་པ"དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་རླབས་ཆེན་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི"ལོ་ལྔ་ཚན་བཅུ་གསུམ་པའི"དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འཐབ་ཇུས་བཀོད་སྒྲིག་དྲིལ་བསྒྲགས་ཤུགས་ཆེན། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་པ་དང་འབྲེལ་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།

  ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། འབད་འབུངས་སྟོབས་བརྩོན་དང་དངོས་འཛིན་དངོས་སྒྲུབ། སྒྱུར་བཅོས་གསར་གཏོད་དང་ལས་དོན་ཏན་ཏིག་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་འབད་འཐབ་ཧུར་ཐག་བྱེད་པ་དང་འབྲེལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་འབོད་སྐུལ་བྱས་པ་རེད།

  ཁ་བྱང་ཕྱི་མོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་འཚོགས་པ།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070