སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས།
སྤེལ་དུས། 2015-12-16   ཡོང་ཁུངས། བོད་ལྗོངས།   རྩོམ་པ་པོ།  
ཐོབ་དཀའི་གོ་སྐབས་འཕྲད་དུས་བརྗིད་ཆེའི་འཆར་གཞི་བཀོད། གངས་ལྗོངས་ས་མཐོར་འབྱོར་འབྲིང་དོན་གཉེར་ལས་ལ་བརྩོན།

  "ལོ་ལྔ་ཚན་བཅུ་གཉིས་པའི"མཇུག་བསྡུ་བ་དང"ལོ་ལྔ་ཚན་བཅུ་གསུམ་པ"འཆར་ལ་ཉེ་བའི་དུས་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་འདུ་ཐེངས་བརྒྱད་པ་སྐོང་ཚོགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་ཉན་ནས་གྲོས་བསྡུར་བྱས་པ་དང་། ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚོགས་འདུའི་ཐོག་རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་བྱས་པ་དང་། 《"ལོ་ལྔ་ཚན་བཅུ་གསུམ་པའི"རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོར》གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་སྟེ་རང་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་པའི"གདོང་མཆོང་དུང་བརྡ"བཏང་ཟིན་པ་རེད།

  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་སུ་འཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི"སྐུལ་སློང་གི་བཀའ་རྒྱ"བཏང་བ་དང"བསྒྲགས་གཏམ་ཡིག་ཆ"དང་། "དམག་བཀའ་ཁུར་ལེན་ཞུ་ཡིག"བཞག་པ། "ལམ་ཐིག་ས་བཀྲ"དང"དུས་ཚོད་རེའུ་མིག"ཁ་གསལ་བཟོས་པར་ཁྱོན་ཡོངས་རང་བཞིན་དང་། དུས་རབས་འབྱེད་པ། ལམ་ཚད་རྡོ་རིང་བཅས་ཀྱི་དོན་སྙིང་ལྡན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན་བཅས་དང་ཀྲུང་དབྱང་གི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ཀྱི《གྲོས་འགོ》བཅས་ཀྱིས"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ཀྱི་མཛུབ་ཁྲིད་དགོངས་པ་དང་། རྩ་བའི་རྩ་དོན། དམིགས་ཚད་བླང་བྱ། གཞི་རྩའི་འདུ་ཤེས། བྱ་ཐབས་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ཐད་ལན་འདེབས་པས་བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཤིང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ང་ཚོས་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཀྲུང་དབྱང་གི《གྲོས་འགོའི》བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བརྗོད་བྱའི་སྙིང་པོ་གཙོ་བོ་ཁོང་དུ་ཆུད་པ་དང་དགོངས་དོན་གྱི་ངོ་བོར་གོ་བ་བླངས་ནས་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་དགོས།

  རང་སྐྱོང་ལྗོངས་ཏང་ཨུད་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད《གྲོས་འགོའི》ནང་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཕ་ཡུལ་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཚད་ལ་གཞིགས་ཏེ་བོད་ཀྱི་ད་ལྟའི་དུས་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་གྱི་དོན་དངོས་ལ་གཞི་ཚུགས་ནས་རང་ལྗོངས་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ཀྱི་མཛུབ་ཁྲིད་དགོངས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས། དམིགས་ཚད་ཀྱི་འདུ་ཤེས། བྱ་ཐབས་གལ་ཆེན་བཅས་ཁ་གསལ་བཏོན་པ་དང་། བོད་ཀྱི་དོན་དངོས་དང་འཚམ་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་བཏོན་པ་དེའི་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ"རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི"མཛུབ་ཁྲིད་ཀྱི་དགོངས་པ་གལ་ཆེན་མཚོན་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བཅས་མཚོན་པས་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་རྩོམ་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ཁག་གི་རྣམ་པ་གསར་པ་གཏོད་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  བློ་སེམས་གཅིག་མཐུན་གྱིས་འབད་བརྩོན་ལྷོད་མེད་བྱེད། "ལོ་ལྔ་ཚན་བཅུ་གཉིས་པའི"རིང་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་པ་དང་བྱ་གཞག་ཁག་ལ་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་གསར་པ་ཐོབ་པའི་ལོ་ལྔ་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྒྱུར་བཅོས་གསར་གཏོད་དང་དཀའ་སྤྱད་འབད་འཐབ་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་པས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་པ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས"ལོ་ལྔ་ཚན་བཅུ་གསུམ་པའི"འགོ་ཡག་པོ་འཛུགས་ཕྱིར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་བཅས་བྱུང་ཡོད།

  དུས་རིམ་བརྗེ་བའི་མཚམས། ཕུགས་བསམ་མདུན་དུ་ཕྱོགས། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ནི་བོད་འདི་ཉིད་རྒྱལ་ཡོངས་དང་མཉམདུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་ལོ་ལྔ་ཡིན། མིག་སྔར་རང་ལྗོངས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དུས་ཐོག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། སྣོད་བཅུད་ནུས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་བཅས་ཀྱི་གལ་ཆེའི་དུས་མཚམས། རྒྱུན་བསྲིང་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་ཡུན་རིང་བདེ་འཁོད་ཕྱོགས་སུ་བསྐྱོད་པའི་འགག་རྩའི་དུས་མཚམས་བཅས་སུ་སླེབས་ཡོད། "ལོ་ལྔ་ཚན་བཅུ་གསུམ་པར"རང་ལྗོངས་སུ་སྔར་བཞིན་ཐོབ་པར་དཀའ་བའི་གོ་སྐབས་མང་པོ་འཕྲད་རྒྱུ་དང་དུས་མཚུངས་འགྲན་སློང་དྲག་པོའང་འཕྲད་རྒྱུ་ཡིན་པས་དུས་ཚོད་ཛ་དྲག་པ་དང་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ"རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི"འཐབ་ཇུས་དགོངས་པ་གལ་ཆེན་དང"མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི"མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ"ཕྱོགས་ཡོངས་ནས་བཞིའི"འཐབ་ཇུས་བཀོད་སྒྲིག་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་འཐབ་ཇུས་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

  འདུ་ཤེས་ནི་བྱ་སྤྱོད་ཀྱི་ཁྲིད་སྟོན་ཡིན་པས་འཕེལ་རྒྱས་འདུ་ཤེས་ཡང་དག་པ་བྱུང་ཚེ་འཕེལ་རྒྱས་ཁ་ཕྱོགས་འགྲིག་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོང་ཐུབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་དང"ལོ་ལྔ་ཚན་བཅུ་གསུམ་པའི"རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་བསྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་དགོས། "འཕེལ་རྒྱས་ཀྱི་འདུ་ཤེས་ཆེ་གྲས་ལྔ"བརྟན་པོ་བཙུགས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་དབར་གྱི་འབྲེལ་བ་དང་། འཕེལ་རྒྱས་དང་དམངས་འཚོའི་དབར་གྱི་འབྲེལ་བ། འཕེལ་རྒྱས་དང་ཁོར་ཡུག་དབར་གྱི་འབྲེལ་བ། དབུལ་སྒྲོལ་དང་འབྱོར་འབྲིང་དབར་གྱི་འབྲེལ་བ། མྱུར་ཚད་དང་ཕན་འབྲས་དབར་གྱི་འབྲེལ་བ། གྲུབ་ཆ་ལེགས་སྒྲིག་དང་བྱ་ཐབས་བསྒྱུར་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དབར་གྱི་འབྲེལ་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་དབར་གྱི་འབྲེལ་བ། ནང་ཁུལ་དུ་སྒོ་དབྱེ་དང་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་དབར་གྱི་འབྲེལ་བ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ་དབར་གྱི་འབྲེལ་བ། ཆ་ཤས་དང་སྤྱི་ཡོངས་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱས་ནས་གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་ཀྱི་ཕན་འབྲས་དང་སྒུལ་ཤུགས་ཀྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་མ་གཏོང་བ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་འགན་ལེན་བྱེད་པ། སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཚད་ཆེ་རུ་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཆེ་རུ་གཏོང་བ་བཅས་བྱེད་ཐུབ་པ་བྱེད་དགོས།

  བརྟན་ལྷིང་ནི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་དམངས་བདེ་སྐྱིད་བཅས་ཡོང་བའི་རྨང་རྡོ་ལྟ་བུ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པར་ངེས་པར་དུ་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས། བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་ཡོད་ལ་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ཡོད་པས་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དྲག་པོར་ངོས་འཛིན་གང་ལེགས་བྱས་ཏེ་དོགས་ཟོན་ཆེན་པོ་དང་། རིག་པ་དྭངས་གསལ། ལངས་ཕྱོགས་བརྟན་པོ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ནས་བོད་ཀྱི་རྒྱུན་བསྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས། ཁྲིམས་སྐྱོང་བོད་ལྗོངས་དང་། ཞི་མཐུན་བོད་ལྗོངས། དུས་བདེའི་བོད་ལྗོངས་བཅས་བསྐྲུན་རྒྱུར་དམིགས་ཏེ། སྔར་བས་རང་རྟོགས་ངང་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་ཐབས་ལམ་ལ་བརྟེན་ནས་སྒྱུར་བཅོས་ཟབ་གཏོང་དང་། འཕེལ་རྒྱས་ལ་སྐུལ་གཏོང་། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་ཏན་ཏིག་གཏོང་དགོས།

  ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག"ལོ་ལྔ་ཚན་བཅུ་གསུམ་པའི"དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་ཆེད་འགན་ལེན་བརྟན་པོ་བྱེད་དགོས། ཏང་ཨུད་ཀྱིས་སྤྱི་ཡོངས་ལ་གཅིག་འཛིན་དང་ཕྱོགས་ཡོངས་མཐུན་སྦྱོར་མཐའ་འཁྱོངས་ཀྱིས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག་རིམ་ཁག་ཏང་ཨུད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་གང་ལེགས་འདོན་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ནུས་པ་དང་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུ་འགན་ལེན་བྱེད་དགོས།

  འཆར་གཞི་བཀོད་ཟིན་པ་དང་། དུང་བརྡ་ཡང་བཏང་ཟིན། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱ་རྒྱུ་ནི་རང་ལྗོངས་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲོག་ཤིང་དམིགས་ཚད་ཡིན་ལ་རང་རེའི་གཟི་བརྗིད་ལྡན་པའི་ལས་འགན་ཡང་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་། དངོས་འཛིན་དངོས་སྒྲུབ། སྒྱུར་བཅོས་གསར་གཏོད། ལས་སྒྲུབ་ཏན་ཏིག་སྒྲུབ་པ་བཅས་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་བཏང་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

  ཁ་བྱང་ཕྱི་མོ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070