སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འགོ་ཁྲིད་ལས་བྱེད་པས"ནན་གསུམ་དྲང་གསུམ"ཐད་མིག་དཔེ་ཡག་པོ་སྟོན་དགོས།
སྤེལ་དུས། 2016-01-07   ཡོང་ཁུངས། བོད་ལྗོངས།   རྩོམ་པ་པོ།  
  "ནན་གསུམ་དྲང་གསུམ"ཐད་མིག་དཔེ་ཡག་པོ་སྟོན་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ལ་བཏོན་པའི་བླང་བྱ་ཞིག་ཡིན་ལ། རིམ་ཁག་འགོ་ཁྲིད་ལས་བྱེད་པར་བཏང་བའི་སྐུལ་སློང་གི་བཀའ་རྒྱ་ཞིག་ཀྱང་ཡིན། འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང"ནན་གསུམ་དྲང་གསུམ"གྱི་བླང་བྱ་དེ་བློ་བརྟན་འགྱུར་མེད་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ། ལས་བགོས་འགན་འཁུར་ཐད་ཀྱི་དོ་དམ་དང་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་བཅས་ཀྱི་ཐོག་མངོན་པ་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་།

  ཆབ་སྲིད་ནུས་པ་ཆེན་པོ་ལྡན་མིན་དང་བསམ་བློའི་ངེས་ཤུགས་དང་། འཐབ་ཇུས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས་བྱང་ཆུབ་མིན་བཅས་ཀྱིས་འགོ་ཁྲིད་ལས་བྱེད་པས་རླུང་རླབས་ཆེན་པོའི་ཚོད་བགམ་ཐེག་ཐུབ་མིན་གཏན་འཁེལ་བྱེད་ཀྱི་ཡོད། "ནན་གསུམ་དྲང་གསུམ"གྱི་བླང་བྱ་དེ་བློ་བརྟན་འགྱུར་མེད་དང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐད་མངོན་པ་བྱེད་པ་དང་སྲོག་ཤིང་ནི་ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རྩ་བ་བརྟན་པོ་འཛུགས་པ་དང་སྙིང་སྟོབས་འཕེལ་བ་བྱས་ཏེ་ཕུགས་བསམ་དང་དད་སེམས་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དང་། དམིགས་ཡུལ་བློ་ལ་བརྟན་པོ་ངེས་པ་དང་གཞུང་ཞབས་པའི་བརྩེ་སེམས་རྒྱུན་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་འགོ་ཁྲིད་ཀྱི་བྱེད་ཐབས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཐད་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པོ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པ། རྙོག་འཛིང་ཆེ་བའི་འགལ་ཟླ་སྣ་ཚོགས་ཁ་ལོ་གཅུན་མཁས་པོ་དང་ཐག་གཅོད་བྱེད་མཁས་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་སྒྲིག་འཛུགས་སྣེ་ཁྲིད་ཀྱིས་མཉམ་དུ་མདུན་སྐྱོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་། གཏམ་སྤྱོད་གཅིག་མཐུན། ཁ་ཞེ་གཉིས་མེད་བཅས་བྱས་ཏེ་གང་སར་མིག་དཔེ་སྟོན་པའི་སྟོབས་ཤུགས་ཐོག་ནས་ལས་བྱེད་མང་ཚོགས་ཀྱི་ཡིད་དབང་འཕྲོག་ཐུབ་པ་བྱེད་དགོས།

  ཕྱོགས་ཡོངས་བསམ་ཤེས་མེད་པའི་མིས། ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ།"ནན་གསུམ་དྲང་གསུམ"གྱི་བླང་བྱ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཐད་མངོན་པ་བྱེད་པར། འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་བློ་ལ་འཆང་བ་དང་ཕྱོགས་གཅིག་ལ་ལྟ་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ། རྒྱུན་དུ་དང་རང་འགུལ་ངང་ཏང་ཀྲུང་དབྱང་ལ་ལྟ་བ་དང་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལ་ལྟ་དགོས། གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདོན་པ། བྱ་བ་སྒྲུབ་པ་བཅས་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཐོག་ལངས་ནས་སྤྱི་ཡོངས་ཁྲོད་ཀྱི་ལུགས་མཐུན་ངེས་གནས་འཚོལ་བ་དང་། ཕྱོགས་ཁག་གི་རྒྱུ་རྐྱེན་ལ་སྤྱི་འདོམས་ཇུས་འགོད་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་བ། ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོགས། ཕྱོགས་ཁག་གི་འབྲེལ་བ་མཐུན་སྦྱོར་བཅས་བྱས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་ཀྱི་ཕན་འབྲས་ཆེན་པོ་འདོན་སྤེལ་ཐུབ་པ་བྱེད་དགོས། བཀའ་ནི་གྱེན་དུ་བཟློག་ཐབས་མེད། ཏང་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་བྱ་བ་ངེས་པར་དུ་ཇི་མ་ཇི་བཞིན་སྒྲུབ་པ་དང་དམ་འཛིན་བྱས་ནས་སྒྲུབ་པ་དང་། འགན་ཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་བཅས་བྱས་ཏེ་ཕྱོགས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ། སྤྱི་ཡོངས་ལ་གཟི་བརྗིད་བསྣན་དགོས་པ་ལས། གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་གཅོག་ཐབས་ཡོད་པ་རྩ་བ་ནས་བྱེད་མི་རུང་བ་དང་བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་འགོག་མི་ཐུབ་པའི་སྣང་ཚུལ་རྩ་བ་ནས་ཐོན་མི་རུང་ལ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཐད་འཐེན་སྐུམ་དང་། གདམ་ག བབ་བསྟུན་ངང་སྒྱུར་བ་བཅས་རྩ་བ་ནས་བྱེད་མི་རུང་།

  ལས་གནས་ཐོག་འཁོད་ན་ལས་དེ་སྒྲུབ་དགོས། གོ་གནས་འཁུར་ན་འགན་དེ་འཁུར་དགོས། "ནན་གསུམ་དྲང་གསུམ"གྱི་བླང་བྱ་དེ་ཡན་ལག་དོ་དམ་ཐད་ཀྱི་དོ་དམ་ཐོག་མངོན་པ་བྱེད་པར། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་བསྟན་དགོས་པ་དང་། དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་དམ་འཛིན་དང་དོ་དམ་བྱེད་མཁས་པོ་བྱེད་པ། བྱ་བར་དོ་དམ་དང་། བསམ་བློར་དོ་དམ། སྤྱོད་ཚུལ་ལ་དོ་དམ་བཅས་བྱས་ཏེ་ཚན་ཁག་དམ་འཛིན་ཡག་པོ་དང་། དཔུང་ཁག་སྣེ་ཁྲིད་ཡག་པོ། བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཡན་ལག་དོ་དམ་ཁྱབ་ཁོངས་དང་ཚན་པས་ཆབ་སྲིད་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་གོམ་སྟབས་གཅིག་གྱུར་དང་། ལས་དོན་ཐད་འགན་ནུས་ཧུར་ཐག་སྒྲུབ་པ། མི་འདེམས་སྤྱོད་ཐད་གཞུང་དྲང་སྤྱོད་གཙང་བཅས་བྱ་རྒྱུར་བླང་བྱ་ཁ་གསལ་འདོན་པ་དང་ལྟ་སྐུལ་བྱས་ཏེ་ཕྱོགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་པར་འཚམ་པའི་ལས་གནས་ཐོབ་པ་བྱེད་པ་དང་། ཕུལ་བྱུང་ལས་བྱེད་པ་ཐོན་ཐུབ་པ་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་པའི་ཐད་ལམ་ལུགས་དང་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། ལྷག་པར་དུ་རྣམ་འགྱུར་ནན་པོ་སྟོན་དགོས་སར་རྣམ་འགྱུར་ནན་པོ་བསྟན་ཏེ་ནན་མིན་དྲང་མིན་གྱི་གནད་དོན་ཐོན་སྐབས་སྐྱོན་འཛུགས་ནན་པོ་དང་ཡོ་བསྲང་བྱ་རྒྱུར་ལྟ་སྐུལ་བྱེད་པ་ལས། མི་ཇོ་བཟང་བྱ་རྒྱུ་མེད།

  འགོ་ཁྲིད་ཡིན་ན་སྤྱོད་པ་དྲང་དགོས། རང་ཉིད་ཀྱི་སྤྱོད་ཚུལ་ལེགས་ན། སྤྱོད་ཚུལ་མི་ལེགས་པ་སྲོང་ཕོད། "ནན་གསུམ་དྲང་གསུམ"གྱི་བླང་བྱ་དེ་རང་ཉིད་ལ་བླང་བྱ་ནན་པོ་འདོན་པའི་ཐོག་མངོན་པ་བྱེད་པར། རིག་པ་དྭངས་གསལ་གྱི་སྒོ་ནས་ཏང་ཡོན་གྱི་ཏང་གཤིས་དེ་ཏང་ལོ་འཕར་བ་དང་གོ་གནས་འཕར་བ་དང་བསྟུན་ནས་རང་ཤུགས་ཀྱིས་མཐོ་རུ་མི་འགྲོ་བ་དེར་ངོས་འཛིན་ཐུབ་པ་བྱས་ནས་ངེས་པར་དུ"ཀེ"གསབ་དགོས་སར་ཀེ་གསབ་པ་དང"སྣུམ"བླུགས་དགོས་སར་སྣུམ་བླུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམིགས་བསལ་དབང་ཆའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གཤིས་རྩ་དོན་མཐའ་འཁྱོངས། རང་གཅུན་ལ་ཤུགས་སྣོན། རང་རྟོགས་ངང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་ཏན་ཏིག་གི་སྒོ་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ལག་བསྟར་བྱེད་དགོས། ནང་མི་བུ་ཕྲུག་དང་འཁྲིས་ཀྱི་ལས་དོན་མི་སྣར་སློབ་གསོ་ནན་པོ་རྒྱག་པ་དང་། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་བྱས་ཏེ་སྐྱོན་ཆ་མཐོང་མ་ཐག་དྲན་སྐུལ་དང་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས།

  ཁ་བྱང་ཕྱི་མོ། འགོ་ཁྲིད་ལས་བྱེད་པས"ནན་གསུམ་དྲང་གསུམ"ཐད་མིག་དཔེ་ཡག་པོ་སྟོན་དགོས།


 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070