སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
བོད་ལྗོངས་བརྗོད་གཞི་བྱས་པའི་དཔེ་དེབ་༢༠༡༣ལོའི་པེ་ཅིང་རྒྱལ་སྤྱིའི་དཔེ་རིས་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེང་བཀྲམས་པ།
སྤེལ་དུས། 2013-09-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཁོན་ཐར་འཚོ།


༢༠༡༣ལོའི་པེ་ཅིང་གི་རྒྱལ་སྤྱིའི་དཔེ་དེབ་འགྲེམ་ཚོགས།


བོད་ཡིག་པར་གཞིའི《ཧ་རུའེ་ཕོད་ཐར》

   ཟླ༨པའི་ཚེས༢༨ཉིན་དུས་ཡུན་ཉིན་༥རིང་གི་༢༠༡༣ལོའི་པེ་ཅིང་གི་འཛམ་གླིང་དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུ་དེ་ཧྲུན་དབྱི་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་ནས་ཐོག་མར་འགོ་བརྩམས། ད་ལོའི་དེབ་རིགས་བཤམས་སྟོན་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ནི་ཧྲ་ཐེ་ཨ་ལ་པོ་རྒྱལ་ཁབ་ཡིན་ཞིང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་གནས་ཁག་གི་དཔེ་སྐྲུན་ཁང་གྲགས་ཅན་ཐེངས་འདིའི་བཤམས་སྟོན་དུ་ཞུགས་ཡོད་པ་དང་། དེས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ལོ་རྒྱུས་དང་། རིག་གནས། འཚོ་བ། ཚན་རིག་སློབ་གསོ་ལ་སོགས་པའི་ཕུལ་བྱུང་དཔེ་དེབ་སྣ་ཚོགས་ཤིག་འདོན་སྤྲོད་བྱས་ཡོད་པ་མ་ཟད། འཛམ་གླིང་གི་ས་གནས་ཁག་གི་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་ཀྱང་ཀུན་ལ་ངོམ་ཡོད་རེད།
  
ཟླ༨པའི་ཚེས༣༠ཉིན་གསར་འགོད་པ་ཧྲུན་དབྱི་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་སུ་ཕྱིན་ནས། འགྲེམ་སྟོན་ཚོམས་ཆེན་ W1ནང་བཤམས་པའི་བོད་ཀྱི་དཔེ་དེབ་འགྲེམ་སྟོན་ལ་གཟིགས་སྐོར་བྱེད་དུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་འགྲེམ་སྟེགས་ནི་གངས་ལྗོངས་ཀྱི་ཐུན་མིན་ཁྱད་ཆོས་ཏེ། དར་ཚོན་སྣ་ལྔའི་རླུང་རྟ་དང་། ཞིམ་མངར་རོ་བཅུད་ལྡན་པའི་རྩམ་ཇ། མཛེས་གཟུགས་དོད་པའི་བོད་ཡིག་ལ་སོགས་ཀྱིས་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད།

  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནི་༡༩༧༡ལོར་བཙུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྐྲུན་ལས་ཁུངས་གཅིག་པུ་ཡིན། ལས་བྱེད་པས་གསར་འགོད་པར་ངོ་སྤྲོད་བྱེད་དོན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔེ་དེབ་ནང་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། རྩོམ་རིག འཚོ་བ། ཟུར་ཁྲིད་དཔེ་དེབ་སོགས་དེབ་རིགས་སྣ་ཚོགས་ཚུད་ཡོད་ལ། གཞན་སྤྱི་ཚོགས་ཚན་རིག་དཔེ་དེབ་ལྟེ་གནས་བཙུགས་ནས་བོད་བརྗོད་གཞིར་བཟུང་སྟེ། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་། བོད་ས་གནས་ལོ་རྒྱུས།  བོད་ཀྱི་གསོ་རིག་ལ་སོགས་རིག་གནས་སྲུང་སྐྱོབ་དང་བརྒྱུད་སྒྲོག་གི་རིན་ཐང་ཆེ་ཆེར་ལྡན་པའི་དཔེ་དེབ་གལ་ཆེན་རབ་དང་རིམ་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དེས་ཉེ་བའི་ལོ་ཚུན་ལ་བོད་ཀྱི་རིག་གཞུང་ཞིབ་འཇུག་སྐོར་གྱི་གྲུབ་འབྲས་གང་ལེགས་མཚོན་ཡོད།
ཉེ་བའི་ལོ་ཚུན་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་འགྱུར་རྩོམ་མང་པོ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། བོད་ཀྱི་ཀློག་པ་པོའི་དགོས་མཁོ་དཔྱད་གཞིར་བཟུང་སྟེ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཀྲུང་གོའི་མི་རིགས་ཁག་གི་བརྩམས་ཆོས་ཕུལ་བྱུང་དང་བྲིན་རྒྱུག་པོའི་དཔེ་དེབ་བོད་ཡིག་ཏུ་བསྒྱུར་བ་དང་། དེ་ནི་བོད་ཡིག་གི་འགྱུར་མ་རྒྱའི་བརྩམས་སྒྲུང་ཆེན་པོ་བཞིའི་ཡུ་གྱལ་༼ཆུ་ངོགས་གཏམ་རྒྱུད་༽དང་། ལོ་ཆུང་ན་གཞོན་རྣམས་སྤྲོ་བ་ཆེ་བའི་
༼ཧ་རུའེ་ཕོད་ཐར༽
ལྟ་བུ་ཡིན། དུས་མཚུངས་སུ་བོད་ཀྱི་བསྟན་བཅོས་རྒྱ་ཡིག་དང་དབྱིན་ཡིག་ལ་སོགས་པར་བསྒྱུར་ནས་རང་རྒྱལ་དང་ས་གནས་གཞན་དག། ཐ་ན་འཛམ་གླིང་གི་ཀློག་པ་པོ་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་ལ་སོགས་ངོ་སྤྲོད་བྱས་ཡོད།
    ད་ཐེངས་ཀྱི་འགྲེམ་སྟོན་དུ་བོད་ཀྱི་སྤྱི་ཚོགས་ཚན་རིག་དང་སྲོལ་རྒྱུན་རིག་གནས་རིགས་ཀྱི་དཔེ་དེབ་ཀློག་པ་པོའི་མདུན་དུ་བཤམས་ཡོད་པ་མ་ཟད། རྒྱུན་ལྡན་གྱི་འཚོ་བར་ཉེ་བའི་བོད་ལུགས་ཟས་རིགས་དཔེ་ཆ་དུ་མ་ཡང་བཤམས་ཡོད་པ་དང་། སྤྱོད་གོ་ཆེ་ལ་བོད་ཟས་རིག་གནས་དར་སྤེལ་བྱེད་ཐུབ་པས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།

བོད་ལྗོངས་འགྲེམ་སྟེགས་སྟེང་དུ་བཀྲམ་པའི་ནས་ཇ།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060