སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཐང་གའི་ཚེ་སྲོག
སྤེལ་དུས། 2016-07-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཅོ་ནེ་ཡུམ་ཚེ་རིང་།

སུ་ཞིག་གིས་གནམ་སྔོན་པོར་སྐྱ་ཐིག་ཕབ།

སུ་ཞིག་གིས་ས་དོག་མོར་འཇའ་ཚོན་བྲིས།

ལོ་ཟླའི་འགྱུར་ཁུགས་ནི་མཐའ་ཡས་བའི་སྤྲིན་ཆར

གྱིས་བརླན་རུང་།

ཁྱོད་ནི།  རིགས་རྒྱུད་ཅིག་གི་སྒྱུལ་གྱི་ཡང་སྙིང་སྟེ།

བྱམས་བརྩེ་ཡི་སྙིང་པོ་མ་དོར་བའི།

ནང་སེམས་ཀྱི་རི་མོ་ལ་མཛེས་སྡུག་གི་ཁ་དོག་བསྩལ།

ཁྱེད་ཀྱི་དད་འདུན་གྱིས་དྲུབ་པའི་ལྷ་རིས་རེ་རེ་ན།

ཆུ་དང་ཆར་པར་མ་འཇིག་པའི་གནའ་བོའི་རྟོགས

བརྗོད་རིང་མོ་ཞིག་ཏུ་གྱུར།

                     

སུ་ཞིག་གིས་རི་མཐོན་པོར་ཚེན་རྩི་བྱུགས།

སུ་ཞིག་གིས་ཆུ་གཙང་པོར་འཛུམ་རིས་བྲིས།

རྨི་ལམ་གྱི་ཁ་དོག་ནི་བྱང་ཐང་གི་རླུང་བུ་ཡིས་དེད

རུང་།  

ཁྱེད་ནི་མི་རིགས་ཤིག་གི་རྣམ་ཤེས་གསོན་པོ་སྟེ།

ཕ་མེས་ཀྱི་ཤ་དྲོད་མ་ཡལ་བའི།

ངོ་མཚར་གྱི་གཏམ་རྒྱུད་ལ་མཛེས་སྡུག་གི་ལང་ཚོ

བསྐྲུན།

ཁྱེད་ཀྱི་ཚེ་སྲོག་གྱིས་བསྐྲུན་པའི་བཀྲགས་མདངས་རེ

རེ་ནི།

གེགས་དང་བར་ཆད་མ་ཐེབས་པའི་མ་འོངས་ལྷ་སྒྲུང

རིང་མོ་ཞིག་ཏུ་གྱུར།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716