སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཞི་རིམ་གྱི་ཉི་མ།
སྤེལ་དུས། 2016-07-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གྲ་གཉེན་ཚེ་རྒྱལ།

གཞི་རིམ་ནི་མང་ཚོགས་དང་ཐག་ཉེ་ཤོས་ཀྱིས་ཚིགས་བདེ་ཡིན་ལ།

གཞི་རིམ་ནི་མང་ཚོགས་དང་ཐག་རིང་ཤོས་ཀྱི་བར་ཐག་དེ་ཡིན།

གཞི་རིམ་ལ་མཚོན་ན།

ཉི་འོད་ནི་ཕྱོགས་ཞེན་དང་འགོར་འགྱངས་མེད་པའི་ལེགས་སྐྱེས་གཅིག་པུ་སྟེ།

དུས་ཆད་བཞེན་ཁྱིམ་ཚང་རེ་རེའི་སྒེའུ་ཁུང་ནས་འཛུམ་བྱུང་།

 

གཅིག་པས་ལྒང་ཕུ་སྤོས་ཏེ་བཟོད་མི་ཐུབ་པའི་གཞི་རིམ་པ་རྣམས། 

སྒྱིད་ལུག་གི་གྲིབ་མ་རིང་པོ་རེ་དྲུད་ནས་ཉི་འོད་འོག་ཏུ་འཛོམས་སོང་།

སུས་ཀྱང་བོར་མི་འདོད་པའི་ཉི་མའི་འོད་ཐིག

གསེར་དངུལ་བཞིན་སྲུང་བཞིན་ལོ་མཇུག་གི་རྩིས་ཕྲ་ལ་ཨང་ཀི་རྫུན་མ་ཁ་ཤས་བསྣན།

 

བཀླགས་མི་ཚར་བའི་སྒྲུང་དེབ་དེ་བཟུང་ནས།

མཇུག་མཐའི་གདོང་གི་དཀར་ཆ་དེ་ཉི་མར་བསྲོ་དུས།

ཕངས་སེམས་ཤིག་དང་དྭངས་འཚབ་ཅིག།

གཞི་རིམ་གྱི་ཇ་མངར་མོ།

ཇ་མངར་མོ། རླངས་པ་གྱ་གྱུ།

རྐུབ་སྟེགས་རིང་པོ།  དེའི་ཐོག་གི་ཚིལ་དྲེག་དང་ཉི་འོད།

གཞི་རིམ་གྱི་དཔལ་ཡོན་གཅིག་པུ་ཡིན།

སྔོ་ནག་གི་མཆུ་ཏོ་རིང་པོས་ཇ་མང་ར་མོ་ཧུ་ཧུ་རེ་འཐེན་དུས།

དེ་ནི་གཞི་རིམ་གྱི་བྲོ་བ་ཉག་གཅིག་གོ

ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱ་དགོས།

སྤྱང་ཀི་ནི་རང་དབང་ལ་དགའ་ཞིང་གླུ་ལེན་པར་མཁས་པའི་སྲོག་ཆགས་ཤིག་རེད།

སྤྱང་ཀི་ནི་བཙན་པོར་རྒོད་ཅིང་གཉོམ་ཆུང་ལ་ཐུབ་ཚོད་བྱེད་མི་སྲིད་པའི་སྲོག་ཆགས་ཤིག་རེད།

འོན་ཀྱང་།   སྤྱང་གྲུང་དང་རྫི་གསང་མེད་པའི་ཉམ་ཐག་ལ་སྤྱང་ཀིས་སྙིང་རྗེ་བྱེད་མི་སྲིད།

ལྟོགས་གྲིར་འཆི་ཡང་སྤྱང་ཀིས་རྩྭ་ཟ་མི་སྲིད།

རྩྭ་མི་ཟ་བ་ནི་སྤྱང་ཀིའི་རྩ་དོན་རེད།

སྤྱང་ཀིས་སུ་ཞིག་ལ་ཡང་གུ་ཡངས་གཏོང་མི་སྲིད།

དེ་ནི་སྤྱང་ཀི་སྤྱང་ཀི་རུ་གྱུར་བའི་རྒྱུ་མཚན་རེད།

གཏུམ་སྤྱོད་ཀྱི་ལྟག་རྒྱབ་ན་སྤྱང་ཀིས་སྙིང་རྗེའི་རང་གཟུགས་ཤིག་སྐུངས་ཡོད་པ་ང་ཚོས་མཐོང་མ་མྱོང།

སྤྱང་ཀིས་ལུག་ལྤགས་གྱོན་ནས་ར་ལུག་རྐུ་མི་སྲིད།

སྤྱང་ཀིས་བཀྲེས་སྐོམ་སེལ་ཕྱིར་རིགས་མཐུན་གྱི་ཤ་བཟའ་མི་སྲིད།

སྤྱང་ཀིས་གདེང་ཚོད་མེད་པར་བྱ་ར་བྱེད་མི་སྲིད།

སྤྱང་ཀིས་དོན་མེད་དུ་ཀུ་ཅོ་འདོན་མི་སྲིད།  

གནའ་ནས་ད་བར་སུས་ཀྱང་སྤྱང་ཀ་གཡུང་ལ་འབེབས་མ་ཐུབ།

སུས་ཀྱང་སྤྱང་ཀི་བསླུ་མ་ཐུབ།

འདི་དག་ནི་སྤྱང་ཀིའི་མ་རྩ་རེད།

སྤྱང་ཀིར་རྩ་དོན་ཡོད།   བློ་གྲོས་ཡོད།   སློབས་པ་ཡོད།   མ་རྩ་ཡོད།

ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱ་དགོས།

ང་ཚོ་སྤྱང་ཀིར་འགྱུར་མ་ཐུབ་རུང་།

མ་མཐའ་ཡང་བཙོ་བཟའ་མཁན་གྱི་གཡུང་ལུག་ཏུ་མ་འགྱུར་བ་བྱ་དགོས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716