སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གླིང་གསུམ་གྱི་ཤེས་ཡོན་པ་དག་རྒྱ་ནག་རི་བོ་རྩེ་ལྔར་འཛོམས་ནས་རི་བོ་རྩེ་ལྔའི་དད་མོས་ལ་བགྲོ་གླེང་བྱས།
སྤེལ་དུས། 2015-08-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་ཤིས་མཚོ།

རྒྱལ་སྤྱིའི་རི་བོ་རྩེ་ལྔའི་དད་མོས་རིག་གཞུང་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོ་བསྡུས།

ཧྲན་ཞི་ཞིང་ཆེན་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ཀའོ་ཅན་ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཕེབས་པ།

ཀྲུང་གོའི་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཧྲན་ཞི་ཞིང་ཆེན་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ། ཀྲུའུ་ལིན་དགོན་ཆེན་གྱི་མཁན་པོ་མའོ་ཅང་གིས་ཚོགས་འདུའི་ཤིས་ཚིག་ཕུལ་བ་དང་ཚོགས་འདུ་དངོས་སུ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཀྲུང་གོའི་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཆོས་དཔོན་ཙོང་ཞིན་ལགས་ནས་ཚོགས་འདུའི་གཏམ་བཤད་གནང་བ།

ཆིན་ཧྭ་སློབ་ཆེན་གྱི་མཚན་ཉིད་རིག་པའི་དགེ་རྒན་ཆེན་མོ་གཞོན་པ་ཧྲིན་ཁེ་ཡིས་ཚོགས་འདུའི་གཏམ་བཤད་གནང་བ།

དབྱིན་ཇིའི་ལོན་ཏོན་སློབ་ཆེན་གྱི་ཡ་གླིང་ཤར་མའི་ལོ་རྒྱུས་རིག་པའི་དགེ་རྒན་ཆེན་མོ་པཱ་ལེ་ཐེ།

ཁ་ན་ཏའི་ཁོ་ལོམ་པི་ཡ་སློབ་ཆེན་ཨེ་ཤེ་ཡ་གླིང་ཚན་ཁག་གི་དགེ་རྒན་ཆེན་མོ་ཁྲེན་ཅིན་ཧྭས་གཏམ་བཤད་གནང་བ།

འཇིག་རྟེན་འདིར་རི་བོ་རྩེ་ལྔ་གཅིག་ལས་མེད་ལ། རི་བོ་རྩེ་ལྔའི་དད་མོས་ལ་ཡུལ་ཁམས་ཀྱི་ཚད་བཀག་མེད། སྤྱི་ཟླ ༧ པའི་ཚེས་ ༢༧ ཉིན་ནས་སྤྱི་ཟླ ༨ པའི་ཚེས་ ༢ ཉིན་བར། ཡོ་རོབ་གླིང་དང་མེ་གླིང་། ཨེ་ཤེ་ཡ་གླིང་བཅས་གླིང་གསུམ་གྱི་སློབ་ཆེན་ ༣༠ ལྷག་ནས་ཕེབས་པའི་ཤེས་ཡོན་པ་ ༣༣ ལྷག་རྒྱ་ནག་རི་བོ་རྩེ་ལྔའི་ཀྲུའུ་ལིན་དགོན་ཆེན་དུ་འཛོམས་ནས། རི་བོ་རྩེ་ལྔའི་སྣ་མང་རང་བཞིན་དང་ཡུལ་ཁམས་དང་རིག་གནས་ཀྱི་ཚད་བཀག་མེད་པའི་དད་མོས་ལ་བགྲོ་གླེང་སྤེལ་བ་དང་། སྐད་རིགས་སྣ་བདུན་ཅན་གྱི་གཏམ་གླེང་དག་ཕྱོགས་གཅིག་ཏུ་བསྒྲིག་ནས་པར་བསྐྲུན་བྱས་ཏེ། མིག་སྔར་འཛམ་གླིང་གི་རི་བོ་རྩེ་ལྔའི་ཞིབ་འཇུག་ཐད་ཀྱི་དབང་གྲགས་བརྩམས་ཆོས་ཀྱི་སྟོང་ཆ་བསྐང་སྲིད།

ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་རི་བོ་རྩེ་ལྔ་ནི། སྔར་དུས་རབས་ ༧ པའི་ནང་ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱི་ལྟེ་གནས་ཤིག་ཏུ་གྱུར་ནས་སྙན་གྲགས་འཛམ་གླིང་ས་ཕྱོགས་ཀུན་ཏུ་ཁྱབ། ནང་ཆོས་ཀྱི་གཞུང་དུ་གནས་མཆོག་དེ་ནི་འཇམ་པའི་དབྱངས་ཀྱི་གདན་ས་ཡིན་པར་ངོས་བཟུང་ཡོད་པ་དང་། རི་བོ་རྩེ་ལྔའི་དད་མོས་རང་བཞིན་དེའང་མཐའ་འཁོར་གྱི་རྒྱལ་ཁབ་མང་པོར་མཆེད་པར་གྱུར། དེས་ཨེ་ཤེ་ཡ་གླིང་གི་རྒྱལ་ཁབ་རྣམས་ཀྱི་རིག་གནས་དང་ཆབ་སྲིད། དམག་དོན། ཚོང་ལས། དེ་ལས་གཞན་ཆོས་ལུགས་མི་ཆོས་ལྗོངས་རྣམ་བཅས་ལ་ཤུགས་རྐྱེན་མི་དམན་པ་ཐེབས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་རྒྱལ་སྤྱིའི་རང་བཞིན་གྱི་ཚད་མཐོ་ལ་གཞི་ཁྱོན་ཆེ་བ། རིག་གཞུང་གི་བྲོ་བས་ཕྱུག་པ་ཞིག་རེད། ཚོགས་འདུར་ཕེབས་པའི་ཤེས་ཡོན་པ ༣༣ ཚང་མ་ནི་ནང་བསྟན་རིག་གཞུང་ཐད་ཀྱི་སྐད་གྲགས་ཆོད་པའི་ཤེས་ཡོན་པ་ཡིན་པ་དང་། དེ་ལས་མཁས་དབང་ ༡༢ ནི་ཀྲུང་གོའི་རྒྱལ་ནང་གི་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན། མི་དམངས་སློབ་ཆེན་བཅས་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་ནས་ཕེབས་པ་རེད། གཞན་ཤེས་ཡོན་པ་ ༢༡ ནི་ཡོ་རོབ་གླིང་དང་མེ་གླིང་། ཨེ་ཤེ་ཡ་གླིང་བཅས་གླིང་གསུམ་གྱི་རྒྱལ་ཁབ་དང་ས་གནས་ ༡༠ ཡི་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་ ༡༩ ནས་ཐོན། ཐེངས་འདིར་ཤེས་ཡོན་པ་རྣམས་ཀྱིས་གནས་མཆོག་རི་བོ་རྩེ་ལྔས་ཨེ་ཤེ་ཡ་གླིང་དུ་ཐེབས་པའི་ཤུགས་རྐྱེན་ལ་བགྲོ་གླེང་སྤེལ་བ་དང་། རི་བོ་རྩེ་ལྔས་ཀྲུང་གོའི་ལམ་གཅིག་རྒྱུད་གཅིག་གི་ཐབས་ཇུས་ཀྱི་ཁྲོད་དུ་བཏོན་པའི་གལ་ཆེའི་ནུས་པར་བགྲོ་གླེང་བྱས། དཔེར་ན། ཁ་ན་ཏའི་ཨ་ལེ་སུང་ཧྲན་སློབ་ཆེན་ནས་ཕེབས་པའི་ཨན་སུའུ་སུང་གིས་རི་བོ་རྩེ་ལྔ་དང་འཇར་པན་གླིང་ཚོམ་གྱིས་བསྐྲུན་པའི་ངོ་མཚར་མཛད་རྣམ་གྱི་ཐད་དུ་བགྲོ་གླེང་བྱས། ཨ་རིའི་སུ་ཏན་ཧྥོར་སློབ་ཆེན་གྱི་ཤེས་ཡོན་པ་ལིས་ཧྲང་ཡེས་ཀྱིས་རི་བོ་རྩེ་ལྔའི་ནང་བསྟན་ཆོས་ལུགས་ཀྱི་དད་མོས་དེ་ཁོར་བྱང་ཕྱེད་གླིང་དུ་ཐོན་ཚུལ་ལ་བཅས་ལ་བགྲོ་གླེང་བྱས་པ་རེད། དེ་ཡང་བགྲོ་གླེང་ཚོགས་འདུ་འདི་བརྒྱུད་ནས་སྐད་རིགས་སྣ་བདུན་ཅན་གྱི་བགྲོ་གླེང་དཔེ་ཚོགས་ཤིག་པར་དུ་བསྐྲུན་ཏེ། མིག་སྔར་འཛམ་གླིང་གི་རི་བོ་རྩེ་ལྔའི་ཞིབ་འཇུག་ཐད་ཀྱི་དབང་གྲགས་བརྩམས་ཆོས་ཀྱི་སྟོང་ཆ་བསྐང་སྲིད་པ་དང་། འཛམ་གླིང་ས་ཕྱོགས་སོ་སོའི་སློབ་ཆེན་མང་པོར་ཕུལ་ནས་ཞིབ་འཇུག་མི་སྣའི་དགོས་མཁོ་སྐོང་ཆོག་པ་རེད།

ཀྲུང་གོའི་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཧྲའན་ཞི་ཞིང་ཆེན་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ། ཀྲུའུ་ལིན་དགོན་ཆེན་གྱི་མཁན་པོ་མའོ་ཅང་གིས་གསུངས་རྒྱུར། བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་རི་བོ་རྩེ་ལྔའི་དད་མོས་དང་ཀྲུང་གོའི་ནང་བསྟན་རིག་གནས་དེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་དང་། དུས་མཚུངས་སུ་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་ནས། རྒྱལ་ཁབ་གྱིས་ཆོས་ལུགས་དད་མོས་ལ་རྒྱབ་སྐྱོར་བྱས་པའི་ཚུལ་དེ་འཛམ་གླིང་ལ་ངོ་སྤྲོད་བྱ་རྒྱུ་དེའོ།།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཧྲའན་ཞི་ཞིང་ཆེན་ནང་བསྟན་ལྷན་ཚོགས་དང་རི་བོ་རྩེ་ལྔ་ནང་བསྟན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པ་དང་། དབྱིན་ཇིའི་ལོན་ཏོན་སློབ་ཆེན་རྒྱལ་རྒྱུད་སློབ་གླིང་དང་ཆིན་ཧྭ་སློབ་ཆེན་མཚན་ཉིད་རིག་པའི་སྡེ་ཁག ཁ་ན་ཏའི་ཁོ་ལོམ་པི་ཡ་སློབ་ཆེན་བཅས་ཀྱིས་གཞོགས་འདེགས་མཛད་པ། རི་བོ་རྩེ་ལྔའི་ཀྲུའུ་ལིན་དགོན་ཆེན་གྱིས་སྒྲུབ་འགན་ཁུར་ལེན་བྱས་པ་རེད། བགྲོ་གླེང་ཚོགས་འདུའི་སྐབས་སུ། གཙོ་སྒྲུབ་མཁན་གྱིས་ཤེས་ཡོན་པ་རྣམས་ལ་རི་བོ་རྩེ་ལྔའི་མཐའ་འཁོར་གྱི་དགོན་སྡེ་དང་གནས་ཁྱད་པར་ཅན་ ༢༠ ལྷག་ལ་གཟིགས་སྐོར་མཚམས་འདྲི་བྱེད་པའི་བཀོད་སྒྲིག་གནང་བ་རེད། དེས་ཞིབ་འཇུག་པར་མཐུན་རྐྱེན་མི་དམན་པ་བསྐྲུན་ནས་ཀྲུང་ཕྱིའི་རིག་གཞུང་མཉམ་ལས་ཀྱི་འདུ་ཤེས་མཚོན་ཐུབ་ལ། དད་མོས་ཅན་དང་ཞིབ་འཇུག་པའི་བར་གྱི་ཉམས་དགའ་བའི་བསམ་བློ་བརྗེ་རེས་ཀྱི་རྣམ་པ་དེ་མཐོང་ཐུབ་བོ།།

(རྩོམ་འགན་པ། སྒྲོལ་ཚེ།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716