སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“རྒྱུན་རྣམ་གསར་པ”སོགས་ཐ་སྙད་གསར་པ་བོད་སྐད་ཀྱི་ཐོག་ནས་ཚད་ལྡན་ངང་ཡིག་སྒྱུར་ཐུབ་པ་བྱུང་།
སྤེལ་དུས། 2015-01-26   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་པ་པོ།  སྒྲོལ་ཚེས་བསྒྲིགས།

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།"རྒྱུན་རྣམ་གསར་པ"དང"དར་གོས་འགྲུལ་བཞུད་ལམ་བུའི་དཔལ་འབྱོར་ས་རྒྱུད"སོགས་སྐབས་དོན་ཆབ་སྲིད་དང་དངུལ་རྩའི་རིགས་ཀྱི་ཐ་སྙད་གསར་པ་དེ་དག་བོད་སྐད་དུ་ཚད་ལྡན་ངང་སྒྱུར་ཐུབ་ཀྱི་ཡོད་པ་རེད། ༢༠༡༤ ལོར་ཚད་ལྡན་དུ་བཟོས་པའི་ཐ་སྙད་གསར་པ ༡༥༠༠ ཙམ་བོད་ཡིག་ལ་ཡིག་སྒྱུར་བྱས་པ་རེད།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་བཀས་བཅད་ཁྲུའུ་ཡི་ཁྲུའུ་ཀྲང་ཡེ་བཟང་གིས"ད་ལོར་གཙོ་གནད་ཐོག་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་སོགས་གལ་ཆེའི་ཚོགས་འདུ་ཆེ་ཁག་ནང་ཐོན་པའི་ཐ་སྙད་གསར་པ་བཀས་བཅད་བྱས་པ་དང་བཀས་བཅད་བྱས་རྗེས་ཀྱི་བོད་ཡིག་དེ་དག་ཡིག་སྒྱུར་ཁོངས་གཏོགས་དང་། སློབ་གྲྭ ལས་ཁུངས་སོགས་ཚན་པར་རྒྱ་ཁྱབ་ངང་བེད་སྤྱོད་གཏོང་རྒྱུ་རེད"ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དོན་ཆབ་སྲིད་དང་དངུལ་རྩའི་རིགས་ཀྱི་བེད་སྤྱོད་གཏོང་མང་བའི་ཐ་སྙད་ཕུད་དྲ་ཐོག་གི་ཐ་སྙད་གསར་པའང་ཚད་ལྡན་ངང་ཡིག་སྒྱུར་བྱས་པ་རེད། གཞན་ཡང"Talk Show"དེ"ཐོལ་ཤོད"(སྒྲ་སྒྱུར)ཅེས་ཡིག་སྒྱུར་བྱས་ཚེ་དོན་འཕྱུགས་མེད་ངང་མཚོན་ཐུབ་པ་མ་ཟད། དབྱིན་ཇིའི་སྐད་ཀྱི་སྒྲ་དང་གང་ཐུབ་སྤྱི་ཐུབ་ངང་མཐུན་གྱི་ཡོད་པ་རེད།

"བཀས་བཅད་བྱས་པའི་ཐ་སྙད་གསར་པ་ནི《བོད་ལྗོངས་ཉིན་རེའི་ཚགས་པར》དང་བོད་ཡིག་པར་གཞིའི《ཟླ་ཕྱེད་གླེང་མོལ》དང་དེ་བཞིན་སློབ་གྲྭ་ཁག་གི་དུས་དེབ་ཐོག་འདོན་གྱི་ཡོད། ཐ་སྙད་གསར་པ་དེ་དག་སྔར་བས་རྒྱ་ཁྱབ་དང་ཚད་ལྡན་ངང་བེད་སྤྱོད་གཏོང་རྒྱུའི་རེ་བ་ཡོད"ཅེས་ཡེ་བཟང་གིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།  ༢༠༡༤ ལོར་བོད་ཀྱིས་ཐ་སྙད་གསར་པ་ཡིག་སྒྱུར་དང་བཀས་བཅད་ཞིབ་བསྡུར་ཚོགས་འདུ་ཐེངས་བཅུ་འཚོགས་པ་དང་བོད་ལྗོངས་སློབ་ཆེན་དང་། བོད་ཡིག་སྨྱན་སྦྱོར། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ ༢༠ ལྷག་ཙམ་གྱི་བསླབ་རྒན་ཡིག་སྒྱུར་མཁས་ཅན་གྱིས་ཐ་སྙད་གསར་པ ༡༥༠༠ ལྷག་ཙམ་ཡིག་སྒྱུར་དང་བཀས་བཅད་བྱས་པས་ཟླ་རེར་ཐ་སྙད་གསར་པ་ཐེངས་རེ་སྤྱིར་ན་ཡོངས་བསྒྲགས་ཐུབ་ཀྱི་ཡོད་པ་རེད།

གཞན་ཡང་མིག་སྔར་བོད་དུ་རྒྱ་ཁྱབ་ངང་བེད་སྤྱོད་གཏོང་བའི་ཚིག་མཛོད《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》པར་སྐྲུན་བྱས་ནས་ལོ་འགའ་སོང་བ་དང་། དེའི་རིང་ཐ་སྙད་གསར་པ་སྟོང་ཕྲག་ཁ་ཤས་ཐོན་པས་ཚིག་མཛོད་དེས་བེད་སྤྱོད་གཏོང་མཁན་གྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་མེད་པ་རེད།"ང་ཚོས་ཐ་སྙད་གསར་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་གསར་པ་པར་སྐྲུན་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། ཚིག་མཛོད་གསར་པའི་ནང་ཉེ་བའི་ལོ་ཤས་རིང་ཐོན་པའི་ཐ་སྙད་གསར་པ་རྒྱ་ཁྱབ་ངང་ཚུད་ཐུབ་པ་མ་ཟད། སྐབས་དོན་ཆབ་སྲིད་རིགས་ཀྱི་ཐ་སྙད་ཀྱི་རྒྱུན་གཏན་སྤྱོད་སྟངས་སམ་ཡང་ན་དྲ་ཐོག་གི་ཐ་སྙད་གསར་པ་ཚང་མ་མཚོན་ཐུབ་པ་བྱ་རྒྱུའི་རེ་བ་ཡོད། སླད་ཕྱིན་ང་ཚོས་ཟླ་རེར་ཡོངས་བསྒྲགས་ཐེངས་རེ་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་དོན་དེ་ཡག་པོ་བསྒྲུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན"ཞེས་ཡེ་བཟང་གིས་བཤད་པ་རེད།བོད་ཀྱིས ༢༠༠༢ ལོ་ནས་བཟུང་། བོད་ཡིག་གི་ཐ་སྙད་གསར་པ་ལེགས་སྒྲིག་འཚོལ་བསྡུ་དང་བཀས་བཅད་བྱེད་འགོ་ཚུགས་པ་དང་། ༢༠༡༤ ལོའི་བར་ཐ་སྙད་གསར་པ ༩༠༠༠ ཙམ་དང་ཚན་རྩལ་གྱི་ཐ་སྙད་ཁྲི ༦ དང་དེ་བཞིན་རྩིས་རྒྱག་འཕྲུལ་འཁོར་ལས་རིགས་ཀྱི་ཐ་སྙད་ཁྲི ༡༢ བཀས་བཅད་ཡོངས་བསྒྲགས་བྱས་པ་རེད།

ཁ་བྱང་ཕྱི་མོ། "རྒྱུན་རྣམ་གསར་པ"སོགས་ཐ་སྙད་གསར་པ་བོད་སྐད་ཀྱི་ཐོག་ནས་ཚད་ལྡན་ངང་ཡིག་སྒྱུར་ཐུབ་པ་བྱུང་།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060