སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་གོསMERSསྔོན་འགོག་གི་སྨན་རྫས་ཞིབ་འཇུག་ཐད་གྲུབ་འབྲས་ཆེན་པོ་ལོན་འདུག
སྤེལ་དུས། 2015-06-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།

ཀྲུང་གོའི་ཚན་རྩལ་གསར་འགྱུར་ཚགས་པར་དུ་བཀོད་པ་ལྟར་ན།  ཟླ པའི་ཚེས ༢༨ ཉིན་རང་རྒྱལ་དུ་དབུས་ཤར་རྒྱུད་ཀྱི་དབུག་འབྱིན་དཀའ་བའི MERS ཡི་ནད་དུག་ཕོག་པའི་ནད་པ་བྱུང་ནས་བཟུང་།  རྒྱལ་ནང་གི་ཕྱོགས་སོ་སོ་ནས་དོ་སྣང་ཆེན་པོ་ཐོབ། དེང་ཆར་ང་ཚོ་ཅུང་དགའ་འོས་པ་ཞིག་ལ།  ཧྥུ་ཏན་སློབ་ཆེན་རྨང་གཞིའི་སློབ་གླིང་གི་གསོ་རིག་ཆ་རྡུལ་ནད་དུག་རིག་པ།  འཕྲོད་བསྟེན་པུའུ་ཡི་ཚོད་ལྟ་ཁང་ཆེན་མོ་སྟེ་རྒྱལ་ཁབ་ཀྱི"འཇོན་མི་སྟོང་གི་འཆར་གཞིའི"ཆེད་མཁས་ཅང་ཧྲི་པའོ་དང་ཁོའི་ལས་གྲོགས་རྣམས་ཀྱིས། MERS སྔོན་འགོག་གི་སྨན་རྫས་ཞིབ་འཇུག་ཐོན་སྤེལ་ཐད་གྲུབ་འབྲས་གལ་ཆེན་ལོན་ཡོད་འདུག

༢༠༡༣ ལོ་ནས ༢༠༡༤ ལོའི་བར།   ཞིབ་འཇུག་དཔུང་སྡེ་དེས MERS སྔོན་འགོག་གི་ཐིད་མིངHR2Pལ་ཇུས་འགོད་དང་ཞིབ་བཤེར་ཚོད་ལེན་བྱས་ཤིང་།  HR2Pཡིས་MERS-CoVཕྲ་ཕུང་མི་འདྲ་བའི་ནད་དུག་སྔོན་འགོག་བྱེད་ཐུབ་པ་རྟོགས།  དེའི་རྗེས་ནས།  ཅང་ཧྲི་པའོ་ཡི་དཔུང་སྡེསMERS-CoVཡི་གོ་རིམ་སྔར་བས་ཇེ་ལེགས་སུ་བཏང་པ་བརྒྱུད་ཐིད་མངHR2P-M2གསར་པ་ཞིག་གསར་སྤེལ་གནང་ཞིང་།  དེའི་གྲུབ་ཚུལ་གྱི་བརྟན་འཇགས་རང་བཞིན་དང་།  ཆུར་ཞུ་རིང་བཞིན། ནད་དུག་འགོག་པའི་གྲུང་གཤིས་དང་སྤྱི་ཁྱབ་རང་བཞིན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་འདུག

དེར་མཐུད་ནས།   ཁོ་རང་ཚོས་རྒྱལ་སྤྱིའི་ནད་དུག་ཆེད་མཁས་དང་མཉམ་ལས་བརྒྱུད།  MERS-CoVའགོས་ནད་རིགས་གཉིས་ལ་སྲོག་ཆགས་ཆུང་ངུའི་མ་དཔེ་གཞིར་བཟུང་ནས།   སྣ་ཁུང་ནས་སྨན་སྟེན་པའི་ཐབས་ལམ་གྱིས HR2P-M2ཡིསMERSཡི་སྔོན་འགོག་དང་སྨན་བཅོས་ནུས་པར་དཔྱད་ཞིབ་བྱས།   དེ་ལས།  HR2P-M2ལ་MERS-CoVའགོག་སྲུང་གི་ནུས་པ་གལ་ཆེན་ལྡན་པ་དང་།  སྲོག་ཆགས་འཆི་བྱེད་སྦྱོར་ཚདMERS-CoVཡི་གནོད་དུག་ཕོག་པ་སྔོན་འགོག་དང་སྲུང་སྐྱོབ་བྱེད་ཐུབ་པ་མངོན་འདུག

ཞིབ་འཇུག་ལས་རིམ་འདིའི་འབྲེལ་ཡོད་དཔྱད་འབྲས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་འགོས་ནད་དུས་དེབ་ཏུ་བསྡུ་རུབ་བྱས་ཤིང་།   མི་འགྱངས་བར་དངོས་སུ་བཀོད་འཆར་འདུག ཅང་ཧྲི་པའོ་ཡིསཀྲུང་གོའི་ཚན་རྩལ་ཚགས་ཤོགགི་གསར་འགོད་པར།  མིག་སྔའི་མཇུག་འབྲས་ལ་གཞིགས་ན།   ཐིད་མང་དེ་སྣ་ཁུང་དུ་སྨན་གཏོར་པའི་ལམ་ནས་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ནད་དུག་སྔོན་འགོག་ལ་འཕྲལ་མྱུར་བསྟེན་ཆོག་ལ།  དེའི་ཁྲོད  MERS-CoVའགོས་མཁན་དང་འབྲེལ་འདྲིས་ཆེ་བའི་མི་དང་།   ལྷག་པར་དུ་སྨན་བཅོས་མི་སྣ།  ནད་པའི་ཁྱིམ་མི་དང་ནད་ཁང་གཅིག་པའི་ནད་པ་སོགས་ཀྱིས་བསྟེན་ཆོག་ཟེར།

གཞན་ཡང་།  ཐིད་མང HR2P-M2 དེ MERS-CoV འགོས་ཡོད་མཁན་གྱིས་ཀྱང་བསྟེན་ཆོག་འདུག   ཅང་ཧྲི་པའོ་ཡིས།  བྱེད་ཐབས་འདིས་ནད་འགོས་མཁན་གྱིས་ནད་དུག་ཕྱིར་གཏོང་པའི་གྲངས་འབོར་ཇེ་ཆུང་དུ་བཏང་ཡོད་མ་ཟད།   འགོས་ནད་ཀྱི་ནད་ཁུངས་སྔོན་འགོག་བྱེད་པར་ཕན་འབྲས་ཆེན་པོ་ལྡན་ཟེར།

དེ་དང་ཆབས་ཅིག    དཔུང་སྡེ་དེའི་ཞིབ་འཇུག་མི་སྣ་ཡིང་ཐེན་ལེ་སོགས་ཀྱིས་ཨ་རིའི་རྒྱལ་བཙུགས་འཕྲོད་བསྟེན་ཁང་གི་ཞིབ་འཇུག་མི་སྣ་དང་མཉམ་དུ་MERSཏོག་དབྱིབས་ནད་དུག་གི་གྲུང་གཤིས་ཀྱི་འགོག་གཟུགས m336ཡང་གསར་སྤེལ་བྱས་ཡོད་པ་དང་།   ཚོད་ལྟ་ཁང་གི་གཞི་གྲངས་ལ་གཞིགས་ནཔ།  འགོག་གཟུགས་དེ་དང་ MERS་ཡི་ཏོག་དབྱིབས་ནད་དུག་ཉེ་འདྲེས་ཀྱི་རྒྱུན་གྲངས་ནི"ཕི་མོར"ཚད་རིམ་དུ་སླེབས་ཐུབ་སྟེ།   MERSནད་དུག་གི་གྲུང་གཤིས་ཝའེ་ཁེ་རེར་ཧའོ་ཧྲིང༠.༠༧ཟིན་ཡོད།   དེས་ནི།  འགོག་གཟུགས་དེས MERSནད་དུག་རྩ་མེད་དུ་གཏོང་ཐུབ་པ་མཚོན་ལ།   དཔྱད་འབྲས་དེནད་དུག་རིག་པའི་དུས་དེབསྟེང་བཀོད་ཡོད་པ་རེད།

ཡིང་ཐེན་ལེས་གསར་འགོད་པར།   ཉེ་ཆར m336འགོག་ནུས་དེ་སྤྲེའུ་དང་རི་བོང་བཅས་སྲོག་ཆགས་ཀྱི་ལུས་སྟེང་ནས་དཔྱད་ཞིབ་ཚད་ལེན་བྱས་ཚར་ཞིང་།  དེ་ལས་འགོག་གཟུགས་དེ་སྲོག་ཆགས་རིགས་གཉིས་ཀྱི་མ་དཔེའི་ཁྲོད་ནུས་པ་ཆེན་པོ་ལྡན་པ་རྟོགས་ཐུབ་ཅིང་།  བདེ་འཇགས་རང་བཞིན་དང་སྨན་གྱི་རང་བཞིན་མངོན་གསལ་ཡོད་པས།   MERSནད་བཅོས་ཀྱི་སྨན་རྫས་གསར་སྤེལ་བྱེད་པར་ཤིན་ཏུ་འཚམ་ཟེར།

དེ་དང་ཆབས་ཅིག  ལུས་ཕུང་ཕྱིའི་ཚོད་ལྟའི་མཇུག་འབྲས་ལས།   HR2P-M2དང m336སྔོན་འགོག་རྐྱང་པའི་མཉམ་འབྲེལ་བེད་སྤྱོད་ལ་ཕན་འབྲས་ཡག་པོ་ལྡན་པ་མངོན་འདུག   "གལ་ཏེ་འབྲེལ་ཡོད་སྡེ་ཚན་གྱི་ཆོག་འཐུས་དང་ནད་པའི་མོས་མཐུན་བྱུང་པ་ཡིན་ན།  m336འགོག་གཟུགས་དང་ HR2P-M2གཉིས་མཉམ་དུ་བེད་སྤྱོད་བཏང་པ་ཡིན་ན།  MERS-CoVའགོས་ནད་ཕོག་མཁན་གྱི་ནད་པར་འཕྲལ་མྱུར་སྨོན་བཅོས་བྱས་ནས་དེའི་ཚེ་སྲོག་སྐྱོབ་ཐུབ་ཀྱང་སྲིད"ཅེས་བརྗོད་བྱུང་།

དཔུང་སྡེ་དེའི་ཞིབ་འཇུག་པ་ལུའུ་ལུ་ཡིསཀྲུང་གོའི་ཚན་རིག་ཚགས་ཤོགགི་གསར་འགོད་པར།   "རང་རྒྱལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་དུས་ཐོག་ཏུ་ཆེད་མཁས་ཀྱི་ཚོགས་འདུ་བསྡུས་ནས་འཕྲད་མྱུར་ཐབས་ཇུས་ལ་གྲོས་མོལ་བྱས་པ་མ་ཟད་བསམ་འཆར་བསྡུ་ལེན་བྱས།  ང་ཚོས་བལྟས་ནས་རང་རྒྱལ་དུ་སྔོན་འགོག་ལ་ཤུགས་སྣོན་བྱེད་དགོས་པ་ལས་གཞན།"MERS ཡི་ནད་དུག་དང་ལྷག་པར་དུ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་ལ་དེ་ལས་ཀྱང་དོ་སྣང་དང་མཐོང་ཆེན་བྱེད་དགོས་པར་འདོད་ཅེས་བརྗོད་བྱུང་།

MERS དེ་SARS ནང་བཞིན་རང་རྒྱལ་དུ་ཁྱབ་ཆེན་པོས་འགོས་མིན་ཐད།  ཅང་ཧྲི་པའོ་ཡིས་དེ་ནི་མི་སྲིད་པ་ཞིག་རེད་ཟེར།  ཁོས"MERSནི་དབུགས་ལམ་འོག་མ་འགོས་ཙམ་ཡིན་ལSARSནི་དབུགས་ལམ་གོང་མ་ནས་འགོས་པམི་ཕན་ཚུན་བར་འགོས་ཤུགསSARSལས་མངོན་གསལ་གྱི་ཆུང་པ་རེད།  དེ་བས་MERSནིSARSནང་བཞིན་ཞེད་སྣང་སྐྱེ་དགོས་པ་ཞིག་མ་རེད"ཟེར།  "རང་རྒྱལ་དུ་SARSནད་དུག་འགོས་ཁྱབ་ཆེན་པོ་བྱུང་པའི་གོ་རིམ་ཁྲོད།  སྡེ་ཚན་སོ་སོས་ནད་དུག་དེ་རིགས་སྔོན་འགོག་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་ཡོད་པ་དང་།  ཀུན་གྱིས་སྲིད་གཞུང་གི་སྔོན་འགོག་ནུས་པར་ཡིད་ཆེས་བྱོས་ཆོག"ཅེས་ཟེར།

ཁ་བྱང་ཕྱི་མོ། ཀྲུང་གོསMERSསྔོན་འགོག་གི་སྨན་རྫས་ཞིབ་འཇུག་ཐད་གྲུབ་འབྲས་ཆེན་པོ་ལོན་འདུག

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060