ས་ཁུལ།
ལས་རིགས།
དྲི་བའི་རིགས་སྣ།
ར་སྤྲོད་ཨང་གྲངས་འབྲི་རོགས།
-བཀའ་འདྲི་ཞུ་རྒྱུར།བོད་ཅེས་པ་གང་གི་དོན།
-བཀའ་འདྲི་ཞུ་རྒྱུར།རྩ་བའི་ཁ་དོག་བཞི་གང་དག་ཡིན།
-བཀའ་འདྲི་ཞུ་རྒྱུར།ཨ་ཅེ་སྒྲོལ་མ་བདེ་མོ།  བྱམས་ཆོས་སྡེ་ལྔ་གང་དག་ཡིན།
-བཀའ་འདྲི་ཞུ་རྒྱུར།藏族藏语里藏怎么说?
-བཀའ་འདྲི་ཞུ་རྒྱུར།དེང་གི་ཆ་ལ་མཚོན་ན། བོད་ཡིག་གི་དྲ་བ་ག་ཚོད་འདྲ་འདུག་གམ།
དེ་དག་གི་མིང་དང་དྲ་གནས་སོགས་འདིར་འགོད་རོགས་གནང་།
- དྲི་བ་ཡོངས་ལ་ལྟ་བ།
- ཆོས་ལུགས། / ལོ་རྒྱུས།
- སློབ་གསོ། / དམངས་སྲོལ།
- ཡིག་སྒྱུར། / བོད་ཡིག་བརྡ་འཕྲིན་ལག་རྩལ།
- བོད་སྨན། / སྲིད་ཇུས།
- བརྙན་འཕྲིན། / རིག་རྩལ།
- ལོ་ཐོ། / དཔེ་དེབ། / སྐབས་དོན།
- གཞན་པ།
རྣམ་པ་ཚོས་དྲི་བ་འདོན་སྐབས་གཤམ་གསལ་གྱི་དོན་ཚན་འགར་དོ་སྣང་གནང་རོགས།
ཀྲུང་གོའི་འབྲེལ་ཡོད་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས།
མི་གཞན་ལ་དམའ་འབེབས་དང་འཇིགས་སྐུལ། ཆགས་སྲེད་སོགས་སྐོར་གྱི་དྲི་བ་འདོན་མི་ཆོག་ཅིང་། དེ་དག་སྐོར་གྱི་དྲི་བ་བཏོན་ན་ངེད་རྩོམ་སྒྲིག་པས་བསུབ་རྒྱུ་ཡིན་པས་དགོངས་འགལ་མེད་པ་ཞུ།
ཁ་མི་གསལ་བའི་དྲ་བ་སོགས་བསུབ་རྒྱུ།
རང་གི་དྲི་བའི་IDཨང་གྲངས་བརྒྱུད་དྲིས་ལན་འཚོལ་ཆོག
དྲི་བ་མ་བཏོན་གོང་གཡོན་ཕྱོགས་ཀྱི་འཚོལ་བཤེར་བྱེད་ས་ནས་དྲི་བའི་གནད་ཚིག་གམ་ IDཨང་གྲངས་བརྒྱུད་རིགས་འདྲ་བའི་དྲི་བ་སྔོན་མ་དག་འཚོལ་ཆོག
O དྲི་བ་དཀའ་མོའི་རིགས་ལ་ལན་བསྐྱོན་པར་དུས་ཚོད་ཅུང་འགོར་སྲིད།
ནང་དོན།
རྩོམ་པ་པོ།
དུས་ཚོད།
?
བཀའ་འདྲི་ཞུ་རྒྱུར།:བཀའ་འདྲི་ཞུ་རྒྱུར་     ཧི་མ་ལ་ཡ་མཉེན་ཆས་འདི་གང་ནས་ཕབ་ལེན་བྱེད་དགོས་རེད་དམ།|(གཞན་པ།) (119.84.71.*) 12-13 18:24:08
དྲིས་ལན།ངེད་དྲ་བའི་http://tb.tibet.cn/གཙོ་ངོས་ཀྱི་སྟེང་ཕྱོགས་ཀྱི་གཡོན་ཟུར་ནས་ཕབ་ལེན་གནང་ཆོག 
?
བཀའ་འདྲི་ཞུ་རྒྱུར།:རྒན་ལགས། ད་སྐབས་བོད་ལ་དྲི་ཤིན་ཏུ་ཞིམ་པའི་སྨན་སྤོས་ཞིག་འདུག་པས་གང་དུ་ཉོ་ཚོང་བྱེད་ཀྱི་ཡོདམ་མིང་ལ།སེ་བ་སྒང་བོད་ཀྱི་སྲོལ་རྒྱུན་གཟིམ་སྤོས་ཟེ་གི་འདུག|(བོད་སྨན།) (119.84.71.*) 12-7 12:49:56
དྲིས་ལན།རྒྱ་ནག་ཁྲེང་ཏུའུ་དང་ཟི་ལིང་གྲོང་ཁྱེར་སོགས་སུ་གཟིམ་སྤོས་མང་པོ་བཙོང་རྒྱུ་འདུག 
?
བཀའ་འདྲི་ཞུ་རྒྱུར།:མཚོ་སྔོན་ཟི་ལིང་དུ་སྤེལ་བའི་གངས་རྒྱན་མེ་ཏོག་རྟགས་མའི་སྙན་ངག་གྱེར་འདོན་འགྲན་སྡུར་དེ་དྲ་ངོས་གང་ཞིག་བརྒྱུད་ན་བལྟ་ཐུབ་ནི་རེད།    ལན་གསལ་བོ་ཞིག་གདབ་པར་མཁྱེན་ཞུ།|(རིག་རྩལ།) (119.84.71.*) 12-2 23:24:40
དྲིས་ལན།དགོངས་དག  གསལ་བོ་ཞིག་ཧ་གོ་མ་སོང་། 
?
བཀའ་འདྲི་ཞུ་རྒྱུར།:བོད་ལ་བོད་ཡིག་གློག་ཀླད་སློབས་གྲྭ་ཡོད་རེད་པས|(གཞན་པ།) (221.192.148.*) 8-16 13:21:40
དྲིས་ལན།ད་དུང་མེད་པ་འདྲ།
?
བཀའ་འདྲི་ཞུ་རྒྱུར།:བཀའ་འདྲི་ཞུ་རྒྱུར      ཆབསྲིད་་           ཟེར་པའི་ཡིག་འབྲུ་འདིའི་  ཚིག་འགྲེལ་ཞིག་གནང་རོག།|(གཞན་པ།) (58.68.168.*) 7-30 1:52:31
དྲིས་ལན།ཆབ་སྲིད་ནི་སྲིད་གཞུང་དང་སྲིད་ཁག་སྟེ།  སྤྱི་ཚོགས་ཚོགས་པ། མི་སོ་སོ་བ་བཅས་ཀྱིས་རྒྱལ་ཁབ་ཀྱི་ནང་སྲིད་དང་རྒྱལ་ཁབ་བར་གྱི་ལས་དོན་སྒྲུབ་པའི་བྱ་སྤྱོད་ཡིན་ཞིང་། བྱ་སྤྱོད་དེའི་རིགས་ཀྱིས་གྲལ་རིམ་བར་གྱི་འབྲེལ་བ་མཚོན་གྱིན་ཡོད།  ཆབ་སྲིད་ནི་དཔལ་འབྱོར་གཅིག་བསྡུས་ཀྱི་མཚོན་བྱེད་ཅིག་ཡིན་ཞིང་། གྲལ་རིམ་གང་གི་ཆབ་སྲིད་ཡིན་ནའང་གྲལ་རིམ་དེ་ཉིད་ཀྱི་ཁེ་ཕན་བསྲུང་བ་དང་དཔལ་འབྱོར་ལ་དབང་སྒྱུར་བའི་གོ་གནས་ལེན་པ་དམིགས་ཡུལ་དུ་བྱེད་པ་ཤ་སྟག་ཡིན།     --སྨོན་ལམ་གློག་རྡུལ་ཚིག་མཛོད་ལས། 
?
བཀའ་འདྲི་ཞུ་རྒྱུར།:ཅང་ཙེ་མིན་ཤི་སོང་བ་བདེན་པ་ཨེ་རེད། རྩོམ་སྒྲིག་པ་ཚོས་ལན་ཞིག་གནང་རོགས།|(སྐབས་དོན།) (58.68.168.*) 7-8 1:38:07
དྲིས་ལན།ཀྲུང་གོའི་གཞུང་ཕྱོགས་ཀྱི་གསར་འགྱུར་ཁག་གིས་དེ་བདེན་པ་མ་རེད་ཅེས་བསྒྲགས་ཀྱི་འདུག 
?
བཀའ་འདྲི་ཞུ་རྒྱུར།: བོད་ལ་ད་ལྟ་སྤྱི་སྐད་གཏན་འཁེལ་བྱས་ཡོད་དམ་  ཡོད་ན་གང་ཡིན་|(གཞན་པ།) (202.100.94.*) 7-4 21:24:53
དྲིས་ལན།གཞུང་ཕྱོགས་ཀྱིས་ད་དུང་སྤྱི་སྐད་ཅེས་པ་ཞིག་གཏན་འཁེལ་བྱས་མེད་ན་ཡང་། ཨ་ཁུ་སྨོན་ལམ་སོགས་ཀྱིས་མཚོན་པའི་གཞོན་སྐྱེས་མང་པོ་ཞིག་གིས་དེའི་ཕྱོགས་ལ་ཞིབ་འཇུག་མཛད་ཡོད་པ་མ་ཟད། སྤྱི་སྐད་མཉེན་ཆས་ཤིག་ཀྱང་བཏོན་འདུག་ལ། མཉེན་ཆས་དེ་རུ་སྤྱི་སྐད་ཀྱི་ཚད་གཞི་སོགས་གསལ་བོར་བཀོད་འདུག 
?
བཀའ་འདྲི་ཞུ་རྒྱུར།:དྲ་རྒྱས་སློབ་ཕྲུག་ལ་ཕན་གནོད་ཅི་ཡོད་གསུངས་རོགས།|(སློབ་གསོ།) (180.215.20.*) 7-3 9:43:44
དྲིས་ལན།ཕན་པ་ནི་གཙོ་བོ་ཤེས་བྱ་མང་པོ་ཁོང་དུ་ཆུད་ཐུབ་པ་དེ་དང་། གནོད་པ་ནི་སློབ་མ་རྣམས་དྲ་བའི་སྟེང་གི་ཕན་མེད་གནོད་པའི་ཆ་འཕྲིན་དག་ལ་མགོ་འཁོར་ནས་བསྡད་ན་དུས་ཚོད་འཕྲོ་བརླག་དང་རིན་ཐང་གི་ལྟ་བ་སོགས་ལ་འགྱུར་བ་ཐེབས་སྲིད་པ་སྙམ། 
?
བཀའ་འདྲི་ཞུ་རྒྱུར།:བོད་མིའི་བཟའ་རིགས་དང་ངདེ་ཐང་སྐོར་སུས་ཤེས་|(གཞན་པ།) (219.151.41.*) 6-28 1:43:09
དྲིས་ལན།བོད་ཀྱི་བཟའ་བཏུང་སྤྱིའི་གནས་ཚུལ་གཤམ་གྱི་དྲ་གནས་བརྒྱུད་གཟིགས་ཆོག  http://tb.tibet.cn/2010xzgk/mt/201012/t20101216_783657.htmhttp://tb.tibet.cn/2010xzgk/mt/201012/t20101216_783657.htm
?
བཀའ་འདྲི་ཞུ་རྒྱུར།:བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་དྲ་ཤོག་འདི་བོད་ཡིག་ནང་འཇུག་བྱས་མེད་པའི་གློག་ཀླད་ཐོག་ཏུའང་བོད་ཡིག་འཆར་ཐུབ་ཀྱི་འདུག་དེ་ཇི་ལྟར་ཡིན་ནམ།|(བོད་ཡིག་བརྡ་འཕྲིན་ལག་རྩལ།) (61.134.27.*) 6-24 13:08:15
དྲིས་ལན།ཁྱེད་རང་གི་གློག་ཀླད་ཀྱི་མ་ལག་དེ་wndows  vistaཔར་གཞི་ཡན་ཡིན་ན་དེའི་ནང་རང་ཤུགས་ཀྱིས་བོད་ཡིག་ཡོད་པ་རེད། ཕལ་ཆེར་དེའི་རྒྱུ་མཚན་ཡིན་སྲིད། ཡང་མིན་ན་བརྡ་འཕྲིན་ལག་རྩལ་དྲ་བ་ཚང་གིས་དྲ་ངོས་སུ་བོད་ཡིག་ཡིག་གཟུགས་ནང་འཇུག་བྱས་ཡོད་པ་ཡིན་རྒྱུ་རེད། 

མདུན་ཤོག ཤོག་ངོས་གོང་མ། ཤོག་ངོས་འོག་མ། ཤོག་ངོས་མཇུག་མ། ཤོག་ངོས།1/100ཤོག་ངོས། ཁྱོན་སྡོམ་དྲི་བ་1000ཡོད། 10ཡོད།/ཤོག་ངོས། ཤོག་ངོས་ལ་ལྟ་བ།